སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-05


སི་ཁྲོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས།

(སྤྱི་ཟླ་12པའི་ཚེས་5ཉིན་བསྒྲགས)


        སྤྱི་ཟླ་12པའི་ཚེས་4ཉིན་གྱི་ཆུ་ཚོད་0ནས་24བར་གྱི་ཞིང་ཆེན་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་གནས་ཚུལ་གསར་ཤོས་གཤམ་གསལ་ལྟར།

        ཕྱི་རྒྱལ་ནས་ཡོང་བའི་ནད་པ་23གསར་དུ་འཕར་ཡོད། (ཚང་མ་ཁྲེང་ཏུའུ་ནས་ཡིན)དེའི་ཁྲོད་གཏན་འཁེལ་ནད་པ་3དང་ནད་རྟགས་མེད་པའི་ནད་པ་20ཡོད།

        ཞིང་ཆེན་གཞན་ནས་སི་ཁྲོན་དུ་ཡོང་བའི(ཕྱིར་ལོག)ནད་པ་330གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་14དང་། ནད་རྟགས་མེད་པའི་ནད་པ་316ཡོད།

        ཞིང་ཆེན་ནང་ཁུལ་དུ་ནད་པ་721གསར་དུ་འཕར་ཡོད། དེའི་ཁྲོད་གཏན་འཁེལ་ནད་པ་158བྱུང་ཡོད།(ཁྲེང་ཏུའུ་ལ་141དང་། ཙི་ཀུང་ལ་3དང་། ལེ་ཧྲན་ལ་3དང་། མེ་ཧྲན་ལ་2དང་། ཀོང་ཨན་ལ་2དང་། ལིའང་ཧྲན་ལ་2དང་། ལུའུ་ཀྲོའུ་ལ་1དང་། དབྱི་པིན་ལ་1དང་། གཡག་རྔ་ལ་1དང་། པ་ཀྲུང་ལ་1དང་། རྔ་བ་ལ་1བཅས་བྱུང་ཡོད)ནད་རྟགས་མེད་པའི་ནད་པ་563བྱུང་ཡོད།(ཁྲེང་ཏུའུ་རུ་261དང་། མེ་ཧྲན་ལ་41དང་། རྔ་བ་ལ་39དང་། ཙི་ཀུང་ལ་35དང་། དབྱི་པིན་ལ་26དང་། ཀོང་ཡོན་ལ་23དང་། མེན་དབྱང་ལ་20དང་། ནེ་ཅང་ལ་17དང་། ནན་ཁྲང་ལ་17དང་། པ་ཀྲུང་ལ་15དང་། ཏེ་དབྱང་ལ་13དང་། གཡག་རྔ་ལ་10དང་། ལུའུ་ཀྲོའུ་ལ་9དང་། སུའེ་ཉིང་ལ་7དང་། ཀོང་ཨན་ལ་6དང་། ཏ་ཀྲོའུ་ལ་6དང་། ལིའང་ཧྲན་ལ་6དང་། ཕན་ཀྲི་ཧྭ་ལ་5དང་། ལེ་ཧྲན་ལ་5དང་། ཙི་དབྱང་ལ་1དང་། དཀར་མཛེས་ལ་1བཅས་བྱུང་ཡོད)

        གཞན་ཡང་སྔར་གྱི་ནད་རྟགས་མེད་པའི་ནད་པ་10གཏན་འཁེལ་ནད་པ་རུ་གྱུར། ཚང་མ་ཞིང་ཆེན་ནང་ཁུལ་དུ་བྱུང་བ་ཡིན།(ཁྲེང་ཏུའུ་ལ་5དང་། ལེ་ཧྲན་ལ་2དང་། དབྱི་པིན་ལ་2དང་། ལུའུ་ཀྲོའུ་ལ་1བཅས་བྱུང་ཡོད)

        ནད་པ་178གསར་དུ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་སྒོར་བུད་ཡོད། དོགས་ཡོད་ནད་པ་དང་ཚེ་ལས་འདས་མཁན་བྱུང་མེད།

        (གཏན་འཁེལ་ནད་པ་དང་ནད་རྟགས་མེད་པའི་ནད་པའི་ཞིབ་ཕྲའི་གནས་ཚུལ་ནི་འབྲེལ་ཡོད་གྲོང་ཁྱེར(ཁུལ)གྱི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་བརྡ་ཁྱབ་གཏོང་བ་རེད)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1