༄༅།། མདོ་དབུས་མཐོ་སྒང་སྟེ། “ཐོབ་ཐང་སྣ་མང”གི་མཐོ་སྒང་ཞིག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 12-06



        མདོ་དབུས་མཐོ་སྒང་ནི“ཆེས་མཐོ་བ་དང་ཆེས་ཆེ་བ། ཆགས་ཡུན་ཆེས་ཐུང་བ”བཅས་ཀྱི་ཁྱད་ཆོས་འཛོམས་པའི་ངང་སའི་གོ་ལའི་སྣེ་གསུམ་པ་ན་བརྗིད་ཉམས་ལྡན་པར་གནས་ཡོད་ཅིང་། དེའི་རྔམ་བརྗིད་ཆེ་བ་དང་གསང་བ་ལྐོག་གྱུར་གྱིས་མི་མང་བོའི་ཡིད་སེམས་ཕྲོགས་ཡོད།

        མདོ་དབུས་མཐོ་སྒང་ཞེས་གླེང་ཡོང་ན། མི་མང་བོའི་སེམས་ལ་ཤར་བ་ནི་གྲང་ངར་ཆེ་ཞིང་འཚོ་སྡོད་དཀའ་བ། འཛམ་གླིང་གི་མཐའ་མཚམས་སུ་གནས་པ་ཞིག་ཡིན། འོན་ཀྱང་། སྨི་གྲུ་བཞི་མ་ཁྲི250ཙམ་ཡོད་པའི་ས་གཞི་འདིའི་ཐོག་གི་མཛེས་སྡུག་ནི་ང་ཚོའི་སེམས་སུ་དྲན་པ་ལས་ཀྱང་ཕུན་སུམ་ཚོགས་ལ་ངོ་མཚར་བ་ཞིག་ཡིན། དེ་རིང་། ང་ཚོས་མཐོ་སྒང་འདིའི་ངོ་མཚར་མཛེས་སྡུག་དེ་དག་ལ་རོལ་མྱོང་ཞིག་བྱེད།

    གཅིག མཐོང་དཀོན་པའི་མཛེས་སྡུག

        ཀྲུང་གོ་ནི་འཁྱགས་ཀླུང་གི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་། མདོ་དབུས་མཐོ་སྒང་ཡར་འཕགས་པ་ལས་དེ་ཉིད་ནི་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེ་གཉིས་མ་ཚུད་པའི་འཛམ་གླིང་གི་འཁྱགས་ཀླུང་ནུས་པ་ཆེས་ཆེ་བའི་ལྟེ་གནས་ཤིག་ཏུ་གྱུར་ཡོད། འཁྱགས་ཀླུང་དང་གངས་རི་བརྗིད་ཉམས་ལྡན་ན་ཡང་། མདོ་དབུས་མཐོ་སྒང་གི་མཛེས་ལྗོངས་ནི་དེ་དག་ལས་ག་ལ་ཚད།

བོད་ལྗོངས་ཉིང་ཁྲིའི་གནས་བསྟོད་འཁྱགས་ཀླུང་།

བོད་ལྗོངས་གཞིས་ཀ་རྩེའི་གྲག་ཡེར་ཚྭ་ཁ།

མཚོ་སྔོན་མཚོ་ནུབ་ཀྱི་ཆུ་ཐོག་ཡ་ཏན།

མཚོ་སྔོན་མགོ་ལོག་གི་གཉན་པོ་གཡུ་རྩེ།

    གཉིས། རྩི་ཤིང་གི་མཛེས་སྡུག

        ཀྲུང་གོའི་ཚན་རིག་གླིང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ་ཡི་རང་བྱུང་ས་ཁམས་རིག་པ་བ་དབྱང་ཆིན་ཡེ་ཡིས་མདོ་དབུས་མཐོ་སྒང་འདི་ཆགས་པ་ནི་སའི་གོ་ལའི་ཐོག་གི་ཆེས་རླབས་ཆེ་བའི་དོན་དག་ཅིག་ཡིན་པ་དང་། འཕྲེད་ཐིག་བྱང་མའི་ཏུའུ30ཡི་ཐིག་རིས་ཁྱབ་ཁུལ་ལ་བལྟས་ཡོང་ན། ཨ་རབ་ཕྱེད་གླིང་དང་ཨ་ཧྥེ་རི་ཁའི་བྱང་རྒྱུད། མོ་ཞི་ཁོ་བཅས་ཚང་མ་ན་རྒྱ་ཆེ་བའི་བྱེ་ཐང་ཡོད། ཧི་མ་ལ་ཡ་འདི་ཡར་འཕགས་པ་ན། སའི་གོ་ལའི“རླུང་གནོན་མཐོན་པོ”ཡི་སྐེད་རགས་འདི་བཅད་པ་དང་། མདོ་དབུས་མཐོ་སྒང་གིས་རླུང་ཁམས་ཆེན་མོ་དེ་གཤམ་སྐྱོད་རླུང་རྒྱུན་དུ་བཏང་ནས་ཆར་བ་འབབ་པར་བྱས་པ་ལས། ཨེ་ཤ་ཡའི་ཤར་ལྷོའི་གྲུ་ཟུར་འདི་རུ་ཚ་ཁུལ་ཕལ་བའི་རྒྱ་མཚོའི་དུས་རླུང་རྒྱུ་ཐུབ་པར་བྱས་པས། འཛམ་གླིང་ས་ཁྲའི་ཐོག་ཏུ་སྔོ་ལྗང་ལྗང་གི་མུ་རྒྱུད་ཅིག་ཆགས་ཡོད་ཅེས་བཤད།

བོད་ལྗོངས་ཉིང་ཁྲི་ཡི་སྤོ་བོའི་ཁམ་བུ་མེ་ཏོག་གི་ལུང་བ།

    གསུམ། བརླན་སའི་མཛེས་སྡུག

        བརླན་ས་ལ་ཚབ་བྱེད་ཐབས་མེད་པའི་སྐྱེ་ཁམས་བྱེད་ནུས་ཤིག་ཡོད། མདོ་དབུས་མཐོ་སྒང་ནི་ཨེ་ཤ་ཡའི་གཙང་བོའི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། དེ་རུ་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་བརླན་སའི་ཚོགས་ཡོད་པ་དང་། དེའི་རྒྱ་ཁྱོན་གྱིས་ཀྲུང་གོའི་བརླན་སའི་རྒྱ་ཁྱོན་སྤྱི་ཡི་བཅུ་ཆའི་གསུམ་ཙམ་ཟིན་ཡོད། ས་ཆ་ནི་གྲང་ངར་ཆེ་ཞིང་མཚོ་འཕགས་མཐོ་སྟབས། འཁྱགས་ཀླུང་དང་གངས་རི། ཁེངས་ས་སོགས་ལས་དམིགས་བསལ་ལྡན་པའི་བརླན་སའི་སྐྱེ་ཁམས་དང་ཁོར་ཡུག་ཅིག་བསྐྱེད་ཡོད་པ་ན། མདོ་དབུས་མཐོ་སྒང་ནི་ཀྲུང་གོ་དང་ཐ་ན་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་སྐྱེ་ཁམས་སྙོམ་སྦྱོར་ཁུལ་ཞིག་ཡིན་ཞེས་བཤད་ཆོག་པ་དང་། དེ་ལ་བརླན་ས་གཞན་པ་མང་བོར་མེད་པའི་ཁྱད་ཆོས་འཛོམས་ཡོད།

བོད་ལྗོངས་མངའ་རིས་ཀྱི་དགུན་ས་ཤང༌བརླན་ས།

སི་ཁྲོན་རྔ་བའི་མཛོད་དགེ་ན་འདམ་བརླན་ས།

    བཞི། མི་ཆོས་ཀྱི་མཛེས་སྡུག

        རྒན་རྒྱའི་བྲག་དཀར་གྱི་གནའ་བོའི་མིའི་རིགས་ཀྱི་འགྱུར་རྡོ་ཡིས་ང་ཚོ་ལ་ད་ལྟའི་བར་དུ་ལོ་ཁྲི16ཡོད་པའི་སྔ་རོལ་དུ། དེང་རབས་བོད་མིའི་གཞི་རྒྱུདEPAS1དང་འདྲ་བའི་ཏན་ཉི་སོ་བའི་མི་ནི་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱས་ཡོད་ཚུལ་བསྟན་པ་དང་། ལོ་ཁྲི་འགའ་ཡི་རིང་ནས་བཟུང་། མིའི་རིགས་མདོ་དབུས་མཐོ་སྒང་དུ་འཚོ་སྡོད་བྱས་ཡོད་པ་ནི་རྒྱུད་ཆད་མེད་པར་གསར་རྙེད་བྱུང་བའི་གནའ་བོའི་རྗེས་ཤུལ་གྱིས་ར་སྤྲོད་བྱས་ཡོད། མདོ་དབུས་མཐོ་སྒང་གིས་མིའི་རིགས་གསོ་སྐྱོང་བྱེད་པའི་མཉམ་དུ། མིའི་རིགས་ཀྱིས་ཀྱང་མདོ་དབུས་མཐོ་སྒང་འདི་ཉིད་ཀྱི་ངོ་གདོང་སྒྱུར་བཞིན་ཡོད།

མཚོ་སྔོན་པོའི་འགྲམ་ངོགས་ཀྱི་པད་ཁའི་མེ་ཏོག

བོད་ལྗོངས་གཞིས་ཀ་རྩེའི་ལྷན་ཤང་གི་སྐས་ཞིང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1