༄༅། །འབྲི་ཆུའི་ཁུགས་སོ་དང་པོ་ཡི་དུས་བཞིའི་མཛེས་སྡུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 12-09



        འབྲི་ཆུ་ནི་མདོ་དབུས་མཐོ་སྒང་གི་གངས་རི་དང་འཁྱགས་ཀླུང་ལས་བྱུང་བ་ཡིན་ཞིང་། མགོ་ཁུངས་ས་ཆ་ནས་དཔལ་ཐང་ཆུ་མདོའི་བར་དུ། རིང་ཚད་ལ་སྤྱི་ལེ1200ཙམ་ཡོད་པའི་འབྲི་ཆུའི་བཞུར་ཁོངས་ཀྱིས་མདོ་དབུས་མཐོ་སྒང་གི་ལྟེ་བའི་ས་ཁུལ་གྱི་ས་རྒྱ་ཆེན་པོ་བཟུང་ཡོད་ལ། འདི་ནི་གཙང་གསུམ་འབྱུང་ཡུལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པའི་ཆ་ནས། འབྲི་ཆུ་བརྒྱུད་དེ་སྤྱི་ལེ་བརྒྱ་ཕྲག་ལྷག་ལ་ཁྱབ་པའི་སྐྲའི་ལན་བུ་ལྟ་བུའི་ཆུ་ལག་མང་བོ་གྲུབ་ཡོད་པ་དང་། འབྲི་ཆུའི་འབྱུང་ཁུངས་ངོ་མ་དམར་ཆུ་དང་ལྷོའི་འདམ་ཆུ་གཉིས་འདྲེས་པ་དང་བསྟུན་ནས། ཆུ་ལམ་ཆེན་པོར་གྱུར་ཏེ་ལོང་ལོང་དུ་འབབ་པའི་འབྲི་ཆུ་གྲུབ་པ་ན། འཛིན་མའི་ཁྱོན་དུ་གྱ་གྱུར་ལྡན་པའི་ངང་རྒྱུ་བཞིན་ཡོད།

        འབྲི་ཆུ་གཡང་གཟར་བའི་གྲོག་རོང་རྒྱུ་ནས་ཆུ་དམར་ལེབ་རྫོང་ཁོངས་སུ་འབབ་དུས། རི་ལུང་བར་ནས་དཀྱོགས་ཆེན་པོ་ཞིག་བརྒྱུད་པ་ལས་འབྲི་ཆུའི་མགོ་ཁུངས་ཀྱི་ཁུགས་སོ་དང་པོ་གྲུབ་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་པས“འབྲི་ཆུའི་ཁུགས་སོ་དང་པོ”ཡི་དུས་བཞིའི་མཛེས་སྡུག་ཟིན་ཐོར་བཀོད་ཡོད། ཉི་ཟླའི་འཁོར་སྐྱོད་དང་དུས་བཞིའི་འགྱུར་ལྡོག་ལ་རྒྱུན་ཆད་མེད་པ་ལྟར། “འབྲི་ཆུའི་ཁུགས་སོ་དང་པོ”ཡི་དུས་བཞིའི་མཛེས་སྡུག་མི་འདྲ་བར་ཡོད་ཅིང་། སྐྱེ་ཁམས་དོ་དམ་སྲུང་སྐྱོབ་པས་ཡང་དང་བསྐྱར་དུ་སྐོར་ཞིབ་སྲུང་སྐྱོབ་བྱེད་པ་ལས་གཙང་གསུམ་འབྱུང་ཡུལ་གྱི་ངོ་མཚར་མཛེས་སྡུག་ལ་བདེན་དཔང་བྱས་ཡོད།

འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས་ཀྱིས་སྒྲིག་སྒྱུར་བྱས།

མ་ཡིག་དང་པར་རིས་མི་དམངས་དྲ་བ་ལས་དྲངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1