ས་ཆ་འདི་ནས་འདབ་ཆགས་རིགས་འདི་མཐོང་སོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-12


        ཉེ་ཆར། ཡུན་ནན་ཏ་ཝུའེ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱིས་དམར་ཕྱིའི་པར་ཆས་བརྒྱུད་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་ཡུལ་གྱི་རི་སྐྱེས་སྲོག་ཆགས་རྨ་བྱ་ཐལ་སྐྱའི་པུ་ཤུད་རིགས་ཐོག་མར་པར་དུ་བླངས་ཡོད།

        དམར་ཕྱིའི་པར་ཆས་ཀྱི་པར་རིས་ལས་མངོན་པ་ལྟར་ན། པུ་ཤུད་དེ་རིགས་ཀྱིས་ནགས་ཚལ་ནས་ཟས་རིགས་འཚོལ་བཞིན་ཡོད་པ་སྟེ། མཚམས་རེར་པར་མིག་ལ་བལྟས་ནས་སྒྲོ་གུར་ཕུབ་པ་དང་། མཚམས་རེར་གཤོག་པ་ལྡེམ་ལྡེམ་བྱེད་བཞིན་འདུག དེ་ནི་ཐེངས་དང་པོར་ཡུན་ནན་ཏ་ཝུའེ་རི་བོའི་རང་བྱུང་སྲུང་སྐྱོབ་ཁུལ་ནས་འདབ་ཆགས་རིགས་དེའི་གཟུགས་བརྙན་བླངས་པ་རེད།

        རྨ་བྱ་ཐལ་སྐྱའི་པུ་ཤུད་དེ་གཙོ་བོ་མཚོ་ངོས་ལས་མཐོ་ཚད་སྨི་1500ཡས་མས་སུ་ཡོད་པའི་ཚ་ཁུལ་གྱི་ཆར་ནགས་དང་། དུས་ཆར་ནགས་ཚལ། སྨྱུག་མའི་ནགས་ཚལ་བཅས་སུ་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་། མང་ཆེ་བ་ཁེར་རྐྱང་དུ་འགུལ་སྐྱོད་བྱེད་ཀྱི་ཡོད། ཟས་སུ་འབུ་སྲིན་དང་རྩི་ཤིང་གི་ལོ་མ་ཟ་བཞིན་ཡོད། དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་བའི་རི་སྐྱེས་སྲོག་ཆགས་ཡིན་ལ། 《འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་》གྱི་སྟོངས་ཉེའི་སྲོག་ཆགས་ཀྱི་མིང་ཐོ་དམར་པོའི་ནང་དུ་བཞག་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1