ཕུའུ་ཅིང་དང་ཐུར་ཁེའི་ཙུང་ཐུང་གིས་འདི་དག་གླེང་འདུག

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-13


        ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་11ཉིན། ཐུར་ཁེའི་ཙུང་ཐུང་ཨེའར་ཏུའོ་ཨན་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཁ་པར་བརྒྱབ་ནས། རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་དང་། འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བ་སོགས་ས་ཁུལ་གྱི་ལས་དོན་ཐད་བསམ་འཆར་བརྗེ་རེས་བྱས་པ་རེད།

        ཕྱོགས་གཉིས་པོས་ཁྱབ་ཁོངས་མང་པོའི་ནང་ཕྱོགས་གཉིས་པོའི་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་གནད་དོན་ལ་གྲོས་བསྡུར་ཞིབ་ཕྲ་བྱས་པ་དེའི་ནང་ཕྱོགས་གཉིས་པོའི་ཉོ་ཚོང་གི་འབོར་ཚད་ཟིན་ཐོ་བཏོད་ནས་འཕར་བ་ཚུད་ཡོད། ཕྱོགས་གཉིས་ཀས་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་རྣམ་གྲངས་ཀྱི་གལ་ཆེའི་རང་བཞིན་དང་ལྷག་པར་དུ་རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་མཉམ་ལས་ནན་བཤད་བྱས།

        ཕུའུ་ཅིང་གིས་ཡུག་རེན་གྱི་མིག་སྔའི་དུས་བབ་ལ་རྩ་དོན་རང་བཞིན་གྱི་དཔྱད་དཔོག་བྱས་ཡོད། གཞན་ཡང་ད་དུང་སི་རི་ཡའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད་གྲོས་བསྡུར་བྱས་པ་དང་། དེའི་ནང་ཨུ་རུ་སུས་2019ལོར་སུའོ་ཆི་རུ་བཞག་པའི་བསམ་ཤེས་དྲན་ཐོར་བརྩི་སྲུང་བྱ་རྒྱུ་ཚུད་ཡོད་པ་རེད།

        ཨེར་ཏུའོ་ཨན་གྱིས་ད་དུང་ཕུའུ་ཅིང་ལ་ཨུ་རུ་སུ་དང་ཡུག་རེན་བར་གྱི་གདོང་གཏུག་གང་མགྱོགས་མཇུག་འགྲིལ་རྒྱུའི་རེ་འདུན་ཞུས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1