རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་བྱེད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 12-13



        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་རྨ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དེ་རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ཡུན་གནས་ཐབས་ཇུས་དང་འབྲེལ་བའི་བྱ་གཞག་གལ་ཆེན་པོ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཐེངས་མང་བོར་རྨ་རྒྱུད་ཀྱི་ཞིང་ཆེན་ལ་ཡུལ་དངོས་རྟོག་དཔྱོད་དུ་ཕེབས་ཤིང་། དུས་རབས་གསར་བར་རྨ་ཆུ་སྲུང་བཅོས་དང་། འབབ་རྒྱུད་ཀྱི་ཞིང་ཆེན་ས་ཁོངས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གཞན་དུ་བསྒྱུར་བར་ཁ་ཕྱོགས་གསལ་བར་བསྟན་ཅིང་། རྨ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་གལ་ཆེ་བའི་རྒྱལ་ཁབ་ཀྱི་ཐབས་ཇུས་ལ་འཆར་གཞི་ཡང་དག་པར་བཀོད།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1