མེ་ཞི་ཡིས་ཟིན་ཐོ་གསར་པ་བཏོད་སོང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-16


        པེ་ཅིང་གི་དུས་ཚོད་དེ་རིང་ཐོ་རེངས་སུ་2022ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྟིང་རྩོད་ཕྱེད་མའི་འགོ་བརྩམས། ཨ་ཀེན་ཐིན་གྱིས་3:0ཡི་ཐོག་ཁ་རོ་ཤེ་ཡ་ལས་རྣམ་པར་རྒྱལ་བ་དང་། མེ་ཞིས་ཚད་གྲུག་བརྒྱབ་ནས་སྤོ་ལོ་བརྫངས་ཡོད་པས་པ་སི་ཐུའུ་ཐ་ལས་བརྒལ་ཏེ་ཨ་ཀེན་ཐིན་རྒྱལ་ཁབ་རུ་ཁག་གི་འཛམ་གླིང་བུམ་པའི་ཁྲོད་སྤོ་ལོ་བརྫངས་མང་ཤོས་ཨང་དང་པོ་དེར་གྱུར་ཡོད། ཨའར་ཝ་ལུའེ་སིས་ཚད་གྲུག་གི་གོ་སྐབས་བཟོས་ཤིང་། མེ་ཞིས་སྤོ་ལོ་གཉིས་བརྫངས་ཐུབ་པ་བྱུང་། ཏེ་པ་ལའི་ཕྱེད་འགྲན་ཕྱི་མར་བརྗེ་ཚབ་བྱས་ནས་འགྲན་རར་ཞུགས་པ་དང་། ཨ་ཀེན་ཐིན་རུ་ཁག་རྒྱལ་ཁའི་ངང་རྟིང་རྩོད་འགྲན་བསྡུར་ལ་ཚུད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1