གྲོས་མཐུན་འདི་2023ལོར་ལག་བསྟར་བྱ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-21


        ས་གནས་དེ་གའི་དུས་ཚོད་ཟླ་12ཚེས་19ཉིན། ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་པུ་རུ་སེར་རུ་འཚོགས་པའི་ཡོ་རོབ་མནའ་འབྲེལ་གྱི་ནུས་རྒྱུའི་པུའུ་ཀྲང་ཚོགས་འདུའི་ཐོག་གྲོས་མཐུན་བཞག་ནས། རང་བྱུང་སོལ་རླངས་ཀྱི་རིན་གོང་དེ་ཝ་ཐེ་ས་ཡའི་དུས་ཚོད་རེར་ཡོ་སྒོར་180བར་ཚོད་འཛིན་བྱ་རྒྱུ་རེད། རིན་གོང་ཚད་བཀག་ལམ་སྲོལ་དེ་2023ལོའི་ཟླ་2ཚེས་15ཉིན་ལག་བསྟར་བྱ་རྒྱུ་ཡིན།

        ཉིན་དེའི་ཅུང་སྔ་བའི་སྐབས། ཡོ་རོབ་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཅེ་ཁེའི་སྲིད་གཞུང་གི་མགྲིན་ཚབ་པ་ཞིག་གིས་དྲ་ཐོག་ཏུ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཁག་གིས་རང་བྱུང་སོལ་རླངས་ཀྱི་རིན་གོང་ཚད་བཀག་གནད་དོན་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1