ཨུ་རུ་སུས་དམག་ཆེན་གསུམ་པའམ་ཉིང་རྡུལ་གྱི་གནོད་འཚེ་གང་ཐུབ་ཀྱིས་མི་ཐོན་པ་བྱ་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-27


        《ཨུ་རུ་སུའི་ཚགས་པར》གྱི་ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གྱི་གནས་ཚུལ་ལ་གཞིགས་ན། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཚོགས་འདུའི་ཀྲུའུ་ཞི་གཞོན་པ་མེ་ཏེ་ཝུའེ་ཅེ་ཧྥུ་ཡིས་ཨུ་རུ་སུས་གང་ཐུབ་ཅི་ཐུབ་ཀྱིས་འཛམ་གླིང་དམག་ཆེན་གསུམ་པའམ་ཉིང་རྡུལ་གྱི་གནོད་འཚེ་མི་ཐོན་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

        མེ་ཏེ་ཝུའེ་ཅེ་ཧྥུ་ཡིས《ཨུ་རུ་སུའི་ཚགས་པར》ཐོག་མིང་བཀོད་རྩོམ་ཡིག་སྤེལ་ནས། གོ་མཚོན་ཉུང་དུ་གཏོང་བའི་ཆིངས་ཡིག་གསར་པ་དེ་མིག་སྔར་དོན་དངོས་དང་མི་མཐུན་ལ་དགོས་གལ་ཡང་མེད། ཨུ་རུ་སུར་བདེ་འཇགས་ཀྱི་འགན་སྲུང་སྔ་ཙམ་ཐོབ་ན། དུས་བབ་སྔ་ཙམ་ནས་རྒྱུན་གཏན་ཅན་དུ་འགྱུར་ངེས་རེད། དེ་ལྟར་མ་བྱས་ཚེ་ཛ་དྲག་གི་དུས་བབ་དུས་ཡུན་རིང་པོ་གནས་རྒྱུ་རེད་ཅེས་བསྟན།

        ཁོང་གིས“འཛམ་གླིང་འདི་ཉིད་འཛམ་གླིང་དམག་ཆེན་གསུམ་པ་དང་ཉིང་རྡུལ་གེགས་བར་གྱི་མཐའ་མཚམས་སུ་མུ་མཐུད་གཡོ་རྒྱུ་ཡིན་པས། ང་ཚོས་ནུས་ཤུགས་ཡོད་རྒུས་གནས་ཚུལ་དེ་རིགས་ཐོན་རྒྱུ་བཀག་འགོག་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།

        མེ་ཏེ་ཝུའེ་ཅེ་ཧྥུ་ཡིས་རྩོམ་ཡིག་ནང་། ནུབ་ཕྱོགས་ཀྱིས“སྨྱོ་ཧམ་ཆེ་བའི་ཅི་ཧྥུ་སྲིད་དབང་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་ཀྱི་ཡོད”ཅེས་བསྟན་པ་མ་ཟད། ནུབ་ཕྱོགས་ཀྱི་སྲིད་གཉེར་པས“ཅི་ཧྥུ་བརྒྱུད་ནས་ཨུ་རུ་སུར་ཕྱོགས་ཡོངས་ཀྱི་དམག་འཁྲུག་དང་ཉིང་རྡུལ་དམག་འཁྲུག་སློང་མིན”གྱི་གནད་དོན་ལ་གཡོལ་ཐབས་བྱེད་མིན་ཡང་བརྗོད་ཡོད་པ་རེད།

        ཁོང་གིས། ད་ཆ་ཨུ་རུ་སུའི“དགྲ་བོ”བཀག་འགོག་ཐུབ་པ་ནི“ཨུ་རུ་སུས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཉིང་རྡུལ་འཇིགས་སྐུལ་ཁྱབ་ཁོངས་ཀྱི་སྲིད་ཇུས་ཀྱི་གཞི་རྩའི་རྩ་དོན་མཛུབ་ཁྲིད་དུ་བྱས་ནས་དངོས་ཡོད་ཀྱི་འཇིགས་སྐུལ་ཐོན་སྐབས་རྩ་དོན་དེ་གཞིར་བཟུང་བྱ་སྤྱོད་སྤེལ་སྲིད་པ་ཁོ་ཚོས་ཤེས་ཀྱི་ཡོད”ཅེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1