ཆོས་རྗེའི་ཞང་རྩེ་སྟོད་པའི་མང་ཚོགས་ལ་རྡོ་སོལ་ཏུན་70སྦྱིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 12-30


        གནམ་གཤིས་རིམ་གྱིས་ཇེ་གྲང་དུ་ཕྱིན་ནས་ས་མཐོའི་གྲོང་ཆུང་མཛོད་དགེ་རྫོང་དུའང་རྡོ་སོལ་སྤྱོད་ཚད་མང་དུ་ཕྱིན་ཡོད།  ཞིང་འབྲོག་མང་ཚོགས་མི་ཉུང་བ་ཞིག་གི་ཁྱིམ་དུ་དྲོད་ལེན་རྡོ་སོལ་སྤྱོད་པར་སེམས་ཁྲལ་བྱེད་ཀྱིན་ཡོད། མང་ཚོགས་ཚོའི་ཁ་ཚ་དགོས་གཏུག་གི་དཀའ་ངལ་སེལ་ཆེད།ཆོས་རྗེ་ཡུལ་ཚོའི་ཞང་རྩེ་སྟོད་པ་གྲོང་ཚོའི་དོན་དངོས་གནས་ཚུལ་ལ་དམིགས་ནས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལ་བརྟེན་ནས་གྲོང་ཚོ་དེ་ཡོངས་ལ་རྡོ་སོལ་ཏུན་70སྤྲད་དེ་གྲོང་མི་རྣམས་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་རྒྱུའི་འགན་ལེན་བྱས།

        ཟླ་12ཚེས་28ཉིན་གྱི་ཞོགས་པ་སྔ་པོ་ནས་རྡོ་སོལ་གྱིས་ཁེངས་པའི་རྡོ་སོལ་འཐེན་བྱེད་རླངས་འཁོར་མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོ་ཞང་རྩེ་སྟོད་པ་གྲོང་ཚོའི་སྒོ་འགྲམ་དུ་སླེབས།

        ཆོས་རྗེ་ཡུལ་ཚོ་ཞང་རྩེ་སྟོད་པ་སྡེ་བའི་བཅའ་སྡོད་ཧྲུའུ་ཅི་དང་པོ། མཱ་ཅུན་ཅན།

        དེ་རིང་ང་ཚོ་ཞང་རྩེ་སྟོད་པ་གྲོང་ཚོར་སླེབས་ཡོད། གྲོང་ཚོའི་ཨུ་ལྷན་གཉིས་ཀྱིས་ཁྱོན་རྡོ་སོལ་ཏུན་70ཉོས་ཡོད། རྡོ་སོལ་ཏུན་70དེ་མི་འགྱང་བར་ང་ཚོའི་གྲོང་མིའི་ལག་ཏུ་སྤྲོད་ངེས་ཡིན། དུད་ཚང་ཚང་མས་རྩིས་ཐོ་རེ་རེ་བཞིན་ལ་ཁུག་མ་བདུན་རེ་བགོ་ཆོག་པ་དང་། དངུལ་ཐོ་ཚང་མ་བགོས་ཚར་གྱིན་ཡོད། མི་རེར་ད་དུང་འགྱིག་ཁུག་གསུམ་རེ་ཡོད།

        རྡོ་སོལ་སྤྲོད་པའི་བྱེད་སྒོ་སྤེལ་ཡུལ་དུ་ཚང་མས་ཕན་ཚུན་ལ་གཞོགས་འདེགས་བྱས་ནས་རྡོ་སོལ་རླངས་འཁོར་ནང་ལྡུག་བཞིན་མི་སེམས་དྲོད་ཀྱིས་ཁེངས་ཡོད། ཏང་དང་སྲིད་གཞུང་གིསྲིད་ཇུས་བཟང་བོའི་འོག་ང་ཚོ་མི་སེར་ཚོར་བསམ་བློ་ཞིབ་ཕྲ་བཏང་ཡོད་པས། ད་སྐབས་ཕྱོགས་གང་ཐད་ནས་སྔོན་དང་བསྡུར་ན་གནམ་ས་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།

        མཛོད་དགེ་རྫོང་ཆོས་རྗེ་ཡུལ་ཚོ་ཞང་རྩེ་སྟོད་པ་སྡེ་བའི་གྲོང་མི། འགུ་རུ་སྐྱབས།

        ང་ཚོ་ཆོས་རྗེ་ཡུལ་ཚོ་ཞང་རྩེ་སྟོད་པ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཕན་འབྲས་ལ་སྤྲོད་རྒྱུའི་དོན་དེ་གྲོང་ཚོའི་ལས་བྱེད་པས་ལོ་7རྒྱུན་འཁྱོངས་བྱས་མཐར།  མི་སེར་གྱི་དགུན་ཁའི་དྲོད་ལེན་གནད་དོན་ཐག་གཅོད་ཐུབ་པ་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1