༄༅།། ཚ་བ་བརྒྱབ་ན་ཁྲག་ཤེད་ཇེ་མཐོར་འགྲོ་སྲིད་དམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-03



        1. རྨང་གཞིའི་ནད་ཡོད་མཁན་ནད་པ་ལ་ནད་རྟགས་གང་དག་བྱུང་ན་སྨན་ཁང་དུ་འགྲོ་དགོས།

        ཁྲག་ཤེད་མཐོ་བའི་ནད་པ།

        གལ་ཏེ་འཁུམ་འདུའི་ཤེད་དེ་180mmHgལ་སླེབས་པའམ་དེ་ལས་བརྒལ་བ། རྐྱོང་འབྱེད་ཤེད་110mmHgལ་སླེབས་པ་དང་དེ་ལས་བརྒལ་ཞིང་། ཁྲག་ཤེད་མཐོ་བའི་ནད་པའམ་གཅིན་སྙིའི་ནད་པ་ལ་སྙིང་མི་བདེ་བ་དང་བྲང་གཟེར་བ། དབུགས་འབྱིན་རྔུབ་དཀའ་བ། བརྒྱལ་བ་སོགས་བྱུང་ན་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

        2.རྨང་གཞིའི་ནད་ཀྱི་སྨན་དང་ཚ་སྨན། ལུ་སྨན་སོགས་དུས་གཅིག་ཏུ་བསྟེན་ཆོག་གམ།

        གལ་ཏེ་རྨང་གཞིའི་ནད་ཀྱི་སྨན་དུས་རྒྱུུན་བསྟེན་ཚུལ་བརྟན་པོ་ཡིན་ན་ཚ་སྨན་དང་ལུ་སྨན་མཉམ་དུ་བསྟེན་ཆོག གལ་ཏེ་སྨན་ཁ་མང་ན། བར་བཅད་ནས་བསྟེན་དགོས། སྤྱིར་བཏང་དུ་བར་ལ་ཆུ་ཚོད་ཕྱེད་ཀ་ཡན་ཟིན་དགོས་པ་རེད།

        3.ཚ་བ་བརྒྱབ་ན་ཁྲག་ཤེད་མཐོ་རུ་གཏོང་རྒྱུ་ཡིན་ནམ།

        གཏོང་རྒྱུ་རེད།

        ཁྲག་ཤེད་མཐོ་བ་ལ་རྒྱུ་རྐྱེན་མང་པོ་ཡོད། དཔེར་ན། ནད་འགོས་པ་དང་སྐུལ་བསྟུན་སོགས་ཚང་མས་ཁྲག་ཤེད་མཐོ་རུ་འཇུག་ཐུབ། ཁྲག་ཤེད་ཀྱི་འགྱུར་བ་ལ་དོ་ཁུར་བྱེད་དགོས། ཁྲད་ཤེད་ཚད་འཇལ་དགོས་ཏེ། དུས་ཐོག་ཏུ་ཁྲག་ཤེད་ཀྱི་གནས་ཚུལ་ལ་གཞིགས་ནས་སྨན་བསྟེན་དགོས། ཁྲག་ཤེད་མཐོ་ན་རྨང་གཞིའི་ནད་ཇེ་སྡུག་གཏོང་སྲིད་པས། དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

        4.རྒན་རྒོན་གྱི་ནད་ཇེ་སྡུག་ཏུ་འགྲོ་བར་སེམས་ཁྲལ་བྱེད་པར་གཟབ་དགོས་ས་གང་དག་ཡོད།

        རྒན་རྒོན་གྱི་མཆུ་ཏོ་སྨུག་པོར་གྱུར་ཡོད་མེད་དང་། དབུགས་ཐུང་བ། དབུགས་འབྱིན་རྔུབ་དཀའ་སོགས་ཀྱི་ནད་རྟགས་ལ་མཉམ་འཇོག་དགོས། གལ་ཏེ་ཆ་རྐྱེན་ཡོད་ན། ཁྲག་ཤེད་དང་། སྙིང་འཕར་ཚད་དང་ཁྲག་དབྱང་བཅས་ཀྱི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་དགོས། དེ་སྔར་གློ་ནད་ཡོད་མཁན་གྱི་ནད་པས་ཁྱིམ་སྤྱོད་ཁྲག་དབྱང་ཚད་ལོངས་ཚད་འཇལ་ཆས་ཀྱིས་ཁྲག་དབྱང་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་བྱེད་དགོས། དགོས་ངེས་སྐབས་སུ་དུས་ཐོག་ཏུ་སྨན་ཁང་ལ་འགྲོ་དགོས།

        5.སྙིང་འཕར་སྐུལ་ཆས་སྒྲིག་སྦྱོར་བྱས་ཡོད་པའི་ནད་པར་ནད་རྟགས་ཅི་ཞིག་བྱུང་ཚེ་སྨན་པ་བསྟེན་དགོས།

        གལ་ཏེ་སྙིང་མི་བདེ་བ་དང་མགོ་ཡུ་འཁོར་བ། སེམས་འཚབ་པ། དབུགས་ཐུང་བ་སོགས་བྱུང་བ་དང་། ཡང་ན་རང་ཉིད་ལ་ནད་གཞི་ཇེ་སྡུག་ཏུ་འགྲོ་བའི་ཚོར་སྣང་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1