རྒྱལ་ཁབ་འདིའི་མི་ཁྲི་2100ལས་བརྒལ་བར་རོགས་སྐྱོར་ཀྱི་དགོས་མཁོ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-06


        ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་4ཉིན། མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་གིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་རྩོམ་ཡིག་སྤེལ་ནས། 2023ལོར་ཡེ་མེན་དུ་ཚོད་དཔག་བྱས་ན་མི་གྲངས་ཁྲི་2100ལས་བརྒལ་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དགོས་མཁོ་འདུག་ཅེས་བཤད་པ་རེད།

        དུས་ཡུན་རིང་པོའི་གདོང་ཐུག་རྒྱུན་མཐུད་དང་། སྤྱི་ཁོག་དཔལ་འབྱོར་གྱི་དཀའ་གནད། རང་བྱུང་གནོད་འཚེ་དང་དེ་བཞིན་འབྲུ་རིགས་ཉམས་ཉེན་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པར་བརྟེན། ཡེ་མེན་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོབ་དགོས་མཁོ་ཉིན་བཞིན་ཇེ་ཆེར་ཕྱིན་ཡོད།

        2022ལོའི་ཟླ་12ཚེས་27ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་《2023ལོའི་མི་ཆོས་རིང་ལུགས་ཀྱི་དགོས་མཁོ་རགས་བསྡུས》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་བསྟན་དོན། ཡེ་མེན་དུ་དམག་འཁྲུག་ལས་ལུས་པའི་འབར་རྫས་ཀྱི་འཇིགས་སྐུལ་ཡོངས་ཁྱབ་ངང་གནས་པ་དང་། མ་དངུལ་མི་འདང་བའི་དབང་གིས་འབྲེལ་ཡོད་རོགས་སྐྱོབ་བྱ་སྤྱོད་ལ་འགོག་རྐྱེན་བཟོས་ཡོད། དེ་དང་ཆབས་ཅིག རྒྱལ་ཁབ་དེས་རྒྱུན་མཐུད་རྣམ་པའི་ཇུས་གཞི་བརྟེན་ནས་ཡུལ་གྱར་བའི་སྡོད་གནས་ཀྱི་དགོས་མཁོ་ཐག་གཅོད་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1