༄༅།། མི་ལུས་རང་དབང་ལ་བཙན་གནོད་བྱས་མི་ཆོག །

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། སྤེལ་དུས། 01-06



        རང་རྒྱལ《རྩ་ཁྲིམས》ཀྱི་དོན་ཚན37པའི་གཏན་འཁེལ་ལྟར་ན། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་བཙན་གནོད་བྱས་མི་ཆོག”ཅེས་བཀོད་ཡོད། ཡང《དམངས་དོན་ཁྲིམས་གཞུང》གི་དོན་ཚན109པའི་གཏན་འཁེལ་ལྟར་ན། “སྤྱི་དམངས་ཀྱི་མི་ལུས་རང་དབང་དང་མིའི་ཐོབ་ཐང་དང་ལ་རྒྱར་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱ་དགོས”ཞེས་བཀོད་ཡོད།

        《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གུན་གསབ་བཅའ་ཁྲིམས》ཀྱི་དོན་ཚན3པ་གཞིར་བཟུང་སྟེ། སྲིད་འཛིན་ལས་ཁུངས་དང་ལས་བྱེད་མི་སྣས་འགན་དབང་ལག་བསྟར་བྱེད་སྐབས། གཤམ་གསལ་གནས་ཚུལ་ལས་མིའི་ལུས་ཁམས་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་རིགས་ཡོད་ཚེ། གནོད་འཚེ་ཕོག་མཁན་ལ་སྐྱིན་ཚབ་གཞལ་རྒྱུའི་རེ་བ་འདོན་དབང་ཡོད་དེ།

(1) ཁྲིམས་འགལ་གྱིས་བཀག་ཉར་བྱས་པའམ་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་སྲིད་འཛིན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་རིགས།

(2) ཁྲིམས་འགལ་གྱིས་བཀག་ཉར་བྱས་པའམ་བྱེད་ཐབས་གཞན་སྤྱད་ནས་སྤྱི་དམངས་ཀྱི་མི་ལུས་རང་དབང་ཁྲིམས་འགལ་གྱིས་བཙན་འཕྲོག་བྱས་རིགས།

(3) སྤྱི་དམངས་ལ་འཛིན་བཟུང་གི་བྱེད་ཐབས་སྤྱད་རྗེས། གྱོད་དོན་མེད་པར་བཟོ་བ་དང་ཁྲིམས་སྦྱོར་མི་བྱེད་པའམ་ཉེས་མེད་ཁྱབ་སྒྲོག་བྱ་རྒྱུའི་དཔྱད་མཚམས་བཏང་ནས་ཉེས་འགན་བདའ་འདེད་མཚམས་འཇོག་བྱས་པའི་རིགས།

(4) འདྲི་གཅོད་ལྟ་སྐུལ་གྱི་གོ་རིམ་ལྟར་ཉེས་པ་མེད་པར་བསྒྱུར་ཡང་། ཐོག་མའི་དཔྱད་མཚམས་ཀྱི་ཁྲིམས་ཆད་ལག་བསྟར་བྱས་ཟིན་པའི་རིགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1