གནམ་གྲུ་འདི་གཉིས་ལ་འཇབ་རྒོལ་གྱི་དོན་རྐྱེན་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-09


        ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་5ཉིན། མོ་ཞི་ཁོའི་རྒྱལ་སྲུང་པུའི་གནས་འཕྲིན་ལ་གཞིགས་ན། མོ་ཞི་ཁོ་བྱང་རྒྱུད་ཀྱི་ཞི་ན་ལུའོ་ཡཱ་ཀྲོའུ་ཡི་ཁུའུ་ལི་ཡཱ་ཁན་གྲོང་ཁྱེར་གྱི་གནམ་ཐང་དུ་དུག་ཚོང་ཚོགས་པའི་དྲག་ཆས་ཀྱིས་མོ་ཞི་ཁོའི་དམག་སྤྱོད་གནམ་གྲུ་དང་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུར་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་ཡོད།

        མོ་ཞི་ཁོ་རྒྱལ་སྲུང་པུའུ་ཡིས། མོ་ཞི་ཁོའི་དམག་དཔུང་ཁོངས་སུ་གཏོགས་པའི་པོ་དབྱིན་གནམ་གྲུ་གཉིས་དེ་ཉིན་ཁུའུ་ལི་ཡཱ་ཁན་གྲོང་ཁྱེར་གྱི་གནམ་ཐང་དུ་བབས་ནས། བཟུང་མ་ཐག་པའི་མོ་ཞི་ཁོའི་དུག་ཚོང་ཚོགས་པའི་འགོ་གཙོ་ཀུའུ་ཙེ་མན་གྱི་བུ་མོ་ཞི་ཁོ་གྲོང་ཁྱེར་དུ་སྐྱེལ་རྩིས་ཡོད། ཡིན་ཡང་། ཁུ་ལི་ཡཱ་ཁན་གྲོང་ཁྱེར་གྱི་གནམ་ཐང་དུ་དུག་ཚོང་ཚོགས་པའི་འཇབ་རྒོལ་ཕོག་ཅེས་བཤད་པ་རེད། འཇབ་རྒོལ་དེས་སྐབས་དེ་དུས་འཕུར་གྲབས་ཡོད་པའི་དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལའང་ཤུགས་རྐྱེན་ཐེབས་ཤིང་། འགྲུལ་སྐྱེལ་གནམ་གྲུ་དེའི་རྒྱབ་ཕྱོགས་ལ་འབར་མདེལ་མང་པོ་ཕོག་ནས་གཤེར་གནོན་མ་ལག་ལ་གཏོར་སྐྱོན་ཕོག་ཡོད།

        ད་ལྟ་གནས་སྐབས་མི་སྣ་ཤི་རྨས་ཀྱི་སྙན་ཞུ་མེད་པ་དང་། དོན་རྐྱེན་བརྟག་དཔྱད་བྱེད་བཞིན་ཡོད་པ་མ་ཟད། ཁུའུ་ལི་ཡཱ་ཁན་གྲོང་ཁྱེར་གྱི་གནམ་ཐང་དང་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་ཚང་མ་སྒོ་བརྒྱབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1