མཛོད་དགེ་བ་ཡག་ཤོས་ཀྱི་གཟེངས་བསྟོད་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 01-09



        དུས་རབས་གསར་བའི་སྔོན་ཐོན་དཔེ་བཟང་དྲིལ་སྒྲོག་དང་། དུས་རབས་གསར་བའི་དཔེ་བཟང་གི་ཚད་གཞི་འཛུགས་པ། དུས་རབས་གསར་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དར་སྤེལ་གཏོང་བ། ངར་ཤུགས་འཕེལ་བ་དང་སྙིང་སྟོབས་འཕེལ་བ་བཅས་ཀྱི་སྒོ་ནས། སྔོན་ཐོན་ལ་སློབ་སྦྱོང་དང་སྔོན་ཐོན་ལ་བརྩི་འཇོག སྔོན་ཐོན་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་བོ་རྫོང་ཡོངས་སུ་ཆགས་ཏེ།  མཛོད་དགེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་ངང་འཕེལ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཆེད། ཟླ༡པའི་ཚེས༥ཉིན། མཛོད་དགེ་རྫོང་གིས་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་གཏོད་པ་དང་སྐབས་དང་པོའི་རྨ་ཆུའི་རིག་གནས་སྙིང་སྟོབས་དར་སྤེལ་བཏང་སྟེ་མཛོད་དགེ་བ་ཡག་ཤོས་བྱེད་ཅེས་པའི་གཟེངས་བསྟོད་བྱེད་སྒོ་སྤེལ།

        རྫོང་ཨུའི་ཧྲུའུ་ཅི་ལིའུ་ཧྥེ་བྱེད་སྒོར་ཞུགས་ཏེ་གཏམ་བཤད་གནང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཧན་ཏེ་ལུང་། རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཏུང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཨ་སྟག རིམ་པ་གཉིས་པའི་སྐོར་གཟིགས་པ་ཁྲེན་ཝན་ལི། ཁྱིམ་སྡོད་རྫོང་རིམ་གཞོན་པའི་འགོ་ཁྲིད་བཅས་ཚོགས་འདུར་ཞུགས།

        ལིའུ་ཧྥེས་རྫོང་ཨུ་དང་རྫོང་དམངས་ཆེན། རྫོང་སྲིད་གཞུང་། རྫོང་སྲིད་གྲོས་བཅས་དང་། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི༨ཀྱི་ཚབ་བཞེས་ནས། གཟེངས་བསྟོད་ཐོབ་མཁན་བློ་མཐུན་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་འབྲེལ། ལས་ལ་བརྩོན་ཞིང་བསམ་པ་བཟང་ལ་བློ་གྲོས་ལྡན་པའི་མཛོད་དགེ་མི་དམངས་ལ། སྙིང་དབུས་ནས་ཐུགས་རྗེ་དང་གུས་འདུད་བླ་མེད་ཞུས།

ལིའུ་ཧྥེས་བསྟན་དོན།

        འདས་པའི༢༠༢༢ལོ་ནི་མཛོད་དགེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་མཚོན་ན་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། ང་ཚོས་སྤྱི་ཚོགས་ཀྱི་ལས་རིགས་ཁག་དང་མཉམ་དུ་དཀའ་གནད་རབ་དང་རིམ་པ་ལས་རྣམ་པར་རྒྱལ་ཏེ། དཀའ་ངལ་གཅིག་རྗེས་གཉིས་མཐུད་ཀྱིས་བསལ་ནས། རྫོང་གི་དཔལ་འབྱོར་བརྟན་པོའི་ངང་འཕེལ་བ་དང་། སྣོད་བཅུད་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ། མི་དམངས་བདེར་སྡོད་ལས་བརྩོན་བྱུང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་བྱུང་ནས། སྤྱི་ཡོངས་ནས་བརྟན་ཐོག་ཡར་འཕེལ་དང་དབྱར་མཚོ་རྒྱས་པ་བཞིན་གྱི་རྣམ་པ་བཟང་བོ་ཆགས། གྲུབ་འབྲས་དེ་དག་ཐོབ་པ་ནི་རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་འབད་འབུངས་ཡར་བརྩོན་བྱས་པ་ལས་བྱུང་བ་ཞིག་དང་། ཕུགས་བསམ་བཅངས་བ་དང་རྒྱལ་ཁ་བརྩོན་ལེན་མཁན་གྱི་མཛོད་དགེ་བ་མི་རེ་ངོ་རེས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་། ཕ་ཡུལ་ལ་དགའ་ཞེན་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ལས་བྱུང་བ་ཞིག་ཡིན་པར་བསྟན།

        ལིའུ་ཧྥེས་ནན་གྱིས་བསྟན་དོན། ཐོག་མའི་བསམ་འདུན་གྱིས་འགན་འཁྲི་འཁུར་བར་འབོད་སྐུལ་དང་ལས་འགན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པར་བྱེད་དགོས་པ་དང་།   དེང་རབས་ཅན་གྱི་མཛོད་དགེ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་བར་འབད་པས་བསྐྱོད་ཚེ།  གཞི་ནས་བག་ཆགས་ཟབ་མོ་འཇོག་ཐུབ་པ་དང་། འབད་འཐབ་བྱས་ཚེ་གཞི་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་ཐུབ་པ། འབད་བརྩོན་བྱས་ཚེ་གཞི་ནས་མཛེས་སྡུག་ལྡན་པའི་མཛོད་དགེ་རྫོང་གི་ངོ་མཚར་གཏོད་ཐུབ་པར་བསྟན།

        ལིའུ་ཧྥེས་བླང་བྱ་བཏོན་དོན། སེམས་ཤུགས་བརྟན་པོ་བཅངས་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མའི་སེམས་ཤུགས་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་དགོས་པ།  རྫོང་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཕུགས་འདུན་ཆེན་པོ་བཅངས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཛམ་གླིང་གི་ས་མཐོའི་འདམ་རའི་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་མཛེས་ཤོས་བསྐྲུན་པའི་དམིགས་ཚད་གཏན་འཁེལ་བྱེད་པ།

འབད་བརྩོན་བྱས་ཏེ་རྫོང་ཡོངས་ཀྱི་གོང་འོག་ཚང་མར་མི་སེམས་གཅིག་ཏུ་འགྲིལ་བར་སྐུལ་འདེད་གཏོང་དགོས་པ།  རྒྱང་སྐྱོད་ལམ་བུ་གསར་བ་དང་དམིགས་ཚད་གསར་བ། ལས་འགན་གསར་བ་བཅས་ཀྱིས་མཛོད་དགེ་བ་མི་རེ་ངོ་རེར་བླང་བྱ་གསར་བ་བཏོན་པ།     ང་ཚོས་ངེས་པར་དུ་སྲིད་དབང་ལ་མཛུབ་སྟོན་དང་ཡི་གེ་དར་སྤེལ་གྱི་ལས་འགན་སྒྲུབ་སེམས་དང་།  ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་འདུ་ཤེས།    ཕུགས་རྒྱང་རིང་བའི་ཕུགས་འདུན་ཕྱོགས་སྟོན་གྱི་མི་ཚེའི་ལམ་བུ་གཏོད་པ་དང་། བྱ་གཞག་གི་སྒོ་མོ་ཕྱེ་ནས་ལས་དོན་ཁག་ཞིབ་ཚགས་ཡིན་ལ་གནད་ལ་འཁེལ་བ་བཅས་བྱེད་པ།  ཀྱག་ཀྱོག་གི་ལམ་བུ་བཟོ་བའི་ལས་ལ་གཞོལ་ནས་རྫོང་ཡོངས་ཀྱི་གོང་འོག་ཚང་མར་ལས་ཀ་བྱེད་སེམས་འཕེལ་བར་སྐུལ་འདེད་གཏོང་དགོས་པ།  མིག་སྔའི་མཛོད་དགེ་ནི་མདུན་ལམ་ཆེན་པོ་ལྡན་པའི་མཛོད་དགེ་ཡིན་པས། རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལག་ལེན་བྱེད་ཐུབ་པའི་ཐབས་ཤེས་ཁྲི་ཕྲག་མང་བོར་བསམ་བློ་གཏོང་བ། དངོས་གཉེར་དང་སྤྱོད་གོ་ཆོད་པའི་བྱ་ཐབས་དངོས་མང་ཙམ་འཚོལ་བ་དང་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ། ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ། རྡོག་རྩ་གཅིག་སྒྲིལ་བྱེད་པ། ང་ཚོའི་དཀའ་ཚེགས་ཀྱི་སྟོན་གྲངས་དེ་རྫོང་ཡོངས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་དང་བརྗེ་བ། ང་ཚོའི་ལྷག་བསམ་ཟོལ་མེད་ཀྱི་ཁྲག་དྲོན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་བསྐྲུན་པ་དང་། ང་ཚོའི་དཀའ་སྤྱད་དངོས་སྒྲུབ་ལ་བརྟེན་ནས་སྙན་ཚིག་ལྟ་བུའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་པ་བཅས་བཏོན།

        གཟེངས་བསྟོད་བྱེད་སྒོ་དེ་སྙན་ངག་གྱེར་འདོན་དང་གླུ་གཞས་མཉམ་གཏོང་ཆེན་མོ།  མཛེས་སྡུག་ལྡན་པའི་མཛོད་དགེ་ཆེན་མོ་ཞེས་པའི་ཁྲོད་འགོ་ཚུགས་པ་དང་། དེ་ནས་བྱ་དགའ་སྤྲོད་པའི་མཛད་སྒོ་དང་ལེ་ཚན་འཁྲབ་སྟོན་སྣོལ་མར་བྱས།  བྱ་དགའ་ཐོབ་མཁན་ཚོར་རེ་རེ་བཞིན་གཟེངས་བསྟོད་གནང་བ་དང་། བྱ་དགའ་སྤྲོད་པའི་ཚིག་ཐོག་ནས་བྱ་དགའ་ཐོབ་མཁན་གྱི་ཡིད་དབང་འཕྲོག་ཤུགས་ལེགས་པར་མངོན་པར་མ་ཟད། ཁོང་ཚོའི་བླ་ན་མེད་པའི་བསམ་ཚུལ་དང་མཛེས་སྡུག་ལྡན་པའི་ཀུན་སྤྱོད་སོགས།  གསོན་ཉམས་དོད་པོས་མཚོན་པས།  ལྟད་མོ་བ་ཚང་མར་སེམས་འགུལ་ཆེན་པོ་ཐེབས།

        བྱེད་སྒོ་སྤེལ་ཡུལ་གྱི་ལྟད་མོ་བ། ཀྲུའུ་ཡུས་རུའེ།

        དེ་རིང་མཛོད་དགེ་བ་ཡག་ཤོས་ཀྱི་གཟེངས་བསྟོད་བྱེད་སྒོར་གཟིགས་སྐབས། ང་ལ་ལྕག་སྐུལ་ཆེན་པོ་ཐེབས། རྗེས་ཕྱོགས་ཀྱི་ལས་ཀ་དང་འཚོ་བའི་ཁྲོད་དུའང་། ཁོང་ཚོར་མིག་དཔེ་བལྟས་ནས་དེ་བས་མཛེས་སྡུག་ལྡན་པའི་མཛོད་དགེ་བསྐྲུན་ཆེད་འབད་བརྩོན་བྱེད་ངེས་ཡིན།

གླུ་གཞས《མཛོད་དགེ་མཐོང་བ་ཀུན་སྨོན》ཞེས་པའི་ཞབས་བྲོ་དང་། 《རྩྭ་ཐང་ནས་པེ་ཅིང་ལ་ཁ་ཕྱོགས་པ》ཞེས་པ་སོགས་ཀྱི་ལེ་ཚན་གྱིས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དཔལ་ཡོན་གྲོང་ཁྱེར་འཛུགས་སྐྲུན་དུ་ཞུགས་པའི་སྤྲོ་སེམས་མཚོན་པ་དང་། ལས་བྱེད་མང་ཚོགས་ཀྱིས་འཛམ་གླིང་གི་ས་མཐོའི་འདམ་རའི་སྣོད་བཅུད་ཡུལ་སྐོར་བྱེད་ཡུལ་མཛེས་ཤོས་ནུས་ཤུགས་ཡོད་རྒུས་གཏོད་པའི་བརྗིད་ཆེའི་ཕུགས་འདུན་མཚོན།

        རྒྱུས་ལོན་པ་ལྟར་ན།  སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱས་ཏེ། སྔོན་ཐོན་དཔེ་བཟང་གི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པར་བྱེད་པ་དང་། དར་སྲོལ་བཟང་ཤོས་དར་སྤེལ་ཤུགས་ཆེན་གཏོང་ཆེད། ད་ལོའི་ཟླ༩པར་མཛོད་དགེ་རྫོང་གིས་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་དང་སྐབས་དང་པོའི་རྨ་ཆུའི་རིག་གནས་སྙིང་སྟོབས་དར་སྤེལ། མཛོད་དགེ་བ་ཡག་ཤོས་བྱེད་པའི་དཔྱད་འདེམས་བྱེད་སྒོ་བཅས་སྤེལ་འགོ་བརྩམས།  གཙོ་གནད་ནི་རྫོང་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་ཀྱི་དམངས་འཚོ་འགན་ལེན། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ཀྱི་གཅེས་སྐྱོང་ཞབས་ཞུ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། ཞིང་ཆེན་རིམ་པའི་གྲོང་ཁྱེར་ཡ་རབས་ཅན་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་བཅས་ཀྱི་ལས་ཀའི་ཁྲོད་བྱས་རྗེས་མངོན་གསལ་བཞག་པ་དང་། གྲུབ་འབྲས་མངོན་གསལ་ཐོབ་པའི་མི་སྒེར་རམ་ཡང་ན་ཐུན་མོང་ཚོགས་པ་བདམས་ཏེ། སྒྲིག་འཛུགས་འོས་སྦྱོར་དང་བྱེད་སྒོ་སྒྲིག་འཛུགས་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་བརྒྱུད། མཛོད་དགེ་བ་ཡག་ཤོས༡༠དང་སྔོན་ཐོན་ཅན་གྱི་མི་སྒེར༥༧དང་། སྔོན་ཐོན་ཅན་གྱི་ཚོགས་པ༢བཅས་དཔྱད་འདེམས་གནང་།

        མཛོད་དགེ་བ་ཡག་ཤོས་ཀྱི་གཟེངས་བསྟོད་ཐོབ་མཁན། ཚེ་རིང་བཀྲ་ཤིས།

        གཞོན་ནུ་ལས་བྱེད་པ་ཞིག་གི་ངོས་ནས་བཤད་ན། མཛོད་དགེ་བ་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་དེ་ནི་ངའི་གཟི་བརྗིད་ཡིན། དེ་སྔའི་ལས་ཀར་གདེང་འཇོག་་བྱས་པ་ཞིག་ཡིན་པར་མ་ཟད། ང་ལ་ལྕག་སྐུལ་གནང་བ་ཞིག་ཀྱང་རེད། དེ་བས་གལ་འགངས་ཆེ་ཤོས་ཤིག་ནི་ལེགས་སྐྱེས་འབུལ་མཁན་གྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་བཏང་ནས་འགན་འཁྲི་ལེགས་པར་འཁུར་རྒྱུ་ཡིན།

        སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་དང་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་གི་སྔོན་ཐོན་མི་སྣ། ཏེང་ཀྲིན་ཆི།

        གཟི་བརྗིད་མཚན་སྙན་ཐོབ་པ་ནི་ངའི་གཟི་བརྗིད་ཡིན་ལ། བྱ་དགའ་ལེན་པའི་སྐབས་ཏུ། ཏུང་དབྱང་མ་ཧྲེང་བསྐྱལ་བ་ཞེས་པའི་སྙན་ཚིག་གྱེར་བའི་མྱོང་ཚོར་ཕྱིར་དྲན་བྱུང་བས། དྲོ་སྐྱིད་དང་སྐུལ་ལྕག་ཆེན་པོ་ཐེབས། མཛོད་དགེ་རྫོང་ལ་སྔོ་ཞིང་སྟུག་པའི་ནགས་ཚལ་མང་བོ་ཡོད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་འདམ་རར་སྲོག་ཆགས་མང་བོ་འཚོ་གནས་བྱས་ཡོད།  གངས་རི་དང་རྩྭ་ཐང་དུ་དམར་དམག་རྒྱང་སྐྱོད་སྐབས་སུ་དཔའ་བོའི་ལོ་རྒྱུས་སྙན་ངག་བཀོད། གསར་འགྱུར་ལས་དོན་པ་ཞིག་ཡིན་པའི་ངོས་ནས། ངས་མཐུན་སྒྲིལ་དང་དངོས་གཉེར། གསར་གཏོད་དང་འབད་འཐབ། སྐྱེས་འབུལ་བཅས་ཀྱི་རྨ་ཆུའི་སྙིང་སྟོབས་དེ་ལས་ཀ་དང་འཚོ་བའི་ཁྲོད་ཉམས་སུ་བླངས་ནས། མཛོད་དགེ་རྫོང་གི་རིག་གནས་ཆེན་པོ་བཞིར་དམིགས་ནས་པར་ཆས་དང་སྨྱུག་རྩེ་སྤྱད་དེ། སྔར་ལས་དྲོད་ཁོལ་ལྡན་ཞིང་གཏིང་ཟབ་པའི་གསར་འགྱུར་བརྩམས་ཆོས་མང་བོ་རྩོམ་རྒྱུ་ཡིན། དེའི་ཁྲོད་དུ་ཕུགས་འདུན་ལག་ཏུ་བསྟར་ནས་ཕུགས་རིང་ལ་བསམ་བློ་གཏོང་བར་མ་ཟད།  ལག་ལེན་གྱིས་གོ་རྟོགས་སད་ཅིང་ཡར་ཐོན་བརྩོན་ལེན་བྱེད་ངེས་ཡིན།

        ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་ཆེས་ཡག་ཤོས་ཀྱི་མི་སྣ་དང་། སྔོན་ཐོན་ཅན་གྱི་མི་སྒེར། སྔོན་ཐོན་ཅན་གྱི་ཚོགས་པ་བཅས་ཀྱི་འོད་སྟོང་འཕྲོ་བའི་བྱས་རྗེས་རྒྱས་འགྲེལ་གཏིང་ཟབ་བྱས། ཆེས་ཡག་ཤོས་ཀྱི་མི་སྣའི་བླ་ན་མེད་པའི་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་པས། རྫོང་ཡོངས་ཀྱི་གོང་འོག་ཀུན་ནས་དཔེ་མཚོན་ལ་སློབ་སྦྱོང་དང་དཔེ་སྟོན་པ་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་བོ་ཆགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1