༄༅།། སྦྲུམ་མ་ལ་ནད་དུག་འགོས་པར་གྱུར་ན་མངལ་གྱི་ཕྲུ་གུ་ལ་འགོ་སྲིད་དམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཨ་མདོ་བརྙན་འཕྲིན། སྤེལ་དུས། 01-10



        ༡ སྦྲུམ་མ་དང་བང་མ་ལ་ཚ་རྒྱག་པའི་ནད་རྟགས་བྱུང་ན་ཇི་ལྟར་བྱ།

        ཉིང་སྐྱུར་བཤེར་འཇལ་བྱེད་པའམ་འགོག་ཟུངས་བཤེར་འཇལ་བྱས་ནས་པྲོག་གསར་གློ་ཚད་ཡིན་མིན་ཐག་གཅོད་དགོས། གལ་ཏེ་པྲོག་གསར་གློ་ཚད་ཡིན་ན་དེ་དང་བསྟུན་པའི་འགོག་སྡོམ་བྱེད་ཐབས་དང་གསོ་བཅོས་བྱེད་ཐབས་ལག་བསྟར་བྱ་དགོས་ལ། པྲོག་གསར་གློ་ཚད་མ་ཡིན་པའི་ཆམ་རིམས་གཞན་པ་ཡིན་ན་ཡང་ནད་རྟགས་ལྟར་གསོ་བཅོས་བྱ་དགོས་ཏེ། ཆུ་མང་དུ་འཐུང་བ་དང་དངོས་ལུགས་ཀྱི་ཐབས་ཀྱིས་ཚ་གཅོག་པ། དེ་མིན་སྦྲུམ་མ་དང་བང་མས་བསྟེན་ཆོག་པའི་སྨན་བསྟེན་ནས་གསོ་བཅོས་བྱ་དགོས། གལ་ཏེ་ལུས་དྲོད་ཚ་གྲངས38.5ཡན་ལ་བུད་ནས། ནུབ་ལུགས་ཀྱི་ཚ་སྨན་བསྟེན་དགོས་པ་བྱུང་ན། ཏོས་ཡུས་ཞན་ཨན་ཅིས་ཧྥུན(对乙酰氨基酚)བསྟེན་ན་ཆོག་ཅིང་། མཉམ་འཇོག་དགོས་པ་ཞིག་ལ། ཚ་སྨན་བསྟེན་དུས་སྨན་སྣ་གཅིག་བསྟེན་པ་ལས། སྨན་སྣ་གཉིས་མཉམ་དུ་བསྟེན་མི་རུང་།

        ༢ སྦྲུམ་མ་ལ་ནད་དུག་འགོས་པར་གྱུར་ན་མངལ་གྱི་ཕྲུ་གུ་ལ་འགོ་སྲིད་དམ།

        མངལ་གྱི་ཕྲུ་གུ་ལ་བུ་རོགས་ཞེས་པའི་རང་བྱུང་གི་སྲུང་སྐྱོབ་ཡོལ་བ་ཁྱད་པར་ཞིག་ཡོད་པས་སྤྱིར་བཏང་དུ་འགོ་མི་སྲིད་པ་ཡིན། ཡིན་ན་ཡང་ཕྲུ་གུ་སྐྱེས་པའི་རྗེས་སུ་ཨ་མ་དང་མཉམ་དུ་བསྡད་པ་ཡིན་ན་འགོས་མཆེད་འབྱུང་བའི་ཉེན་ཁ་ཧ་ཅང་ཆེ་བས་ལོགས་བཀར་གྱི་བྱེད་ཐབས་སྤྱོད་དགོས་ཏེ། ཨ་མ་ཕྲུ་གུ་དང་བར་སྟོང་ངེས་ཅན་གྱི་ས་ནས་ལོགས་སུ་དགར་དགོས་པར་མ་ཟད། N95ཁ་ཐུམ་རྒྱག་དགོས།

        ༣ སྦྲུམ་མ་དང་བང་མས་རང་ཉིད་ཀྱི་འགོག་སྲུང་ལ་ཇི་ལྟར་ཤུགས་སྣོན་དགོས།

        སྦྲུམ་མ་དང་བང་མ་ལ་མཚོན་ན་སྨན་ཁང་དུ་སོང་ནས་རྒྱུན་ལྡན་གྱི་བརྟག་དཔྱད་རིགས་མང་པོ་ཞིག་བྱ་དགོས་པས་ངེས་པར་དུ་སྨན་ཁང་ལ་འགྲོ་དགོས་ཀྱི་ཡོད། ཡིན་ན་ཡང་སྨན་ཁང་ལ་འགྲོ་དུས་སྔ་མོ་ནས་དུས་ཆད་བྱས་ན་གྲལ་བསྒྲིགས་ནས་སྒུག་མི་དགོས་པ་དང་། སྨན་ཁང་ལ་འགྲོ་དུསN95ཁ་ཐུམ་རྒྱག་པ་སོགས་རང་གི་འགོག་སྲུང་ལེགས་པར་བྱ་དགོས། དགོས་པ་ངེས་ཅན་མེད་པའི་བརྟག་དཔྱད་རིགས་མ་བྱས་ཀྱང་ཆོག་ལ། གནད་དོན་སྐོར་ཞིག་སྨན་ཁང་ལ་དངོས་སུ་འགྲོ་མི་དགོས་པར་དྲ་ལམ་ནས་སྨན་པ་ལ་འདྲི་རྩད་ཀྱིས་ཐག་བཅད་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1