རྗེ་འབུམ་སྒང་ལྷ་ཁང་གི་འགྲེམས་སྟོན་འདི་ཁྲུང་ཆིང་དུ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-12


 ཟླ་དང་པོའི་ཚེས6ཉིན། “རྗེ་འབུམ་སྒང་།  གནའ་བོའི་དཀྱིལ་འཁོར་ཞིག་གི་ལོ་རྒྱུས། རྗེ་འབུམ་སྒང་ལྷ་ཁང་གི་ཨར་སྐྲུན་སྒྱུར་བཀོད་སྒྱུ་རྩལ་འགྲེམས་སྟོན”ཁྲུང་ཆིང་ཅིའུ་ལུང་དབྱི་ཁུའུ་ཤིན་ལིན་ལི་སྒྱུ་རྩལ་ལྟེ་གནས་སུ་འགོ་ཚུགས་པ་རེད།

ཁྲུང་ཆིང་གི་གྲོང་མི་ཚོས་འགྲེམས་སྟོན་བྱ་ཡུལ་གྱི་འདྲ་པར་ལ་ལྟ་བཞིན་པ།

 ཐེངས་འདིའི་འགྲེམས་སྟོན་ནི་སི་ཁྲོན་མཛེས་རྩལ་སློབ་གླིང་གིས་གཙོ་གཉེར་བྱས་པ་དང་། སྒྱུ་རྩལ་སློབ་གསོའི་སློབ་གླིང་དང་། ནུབ་རྒྱུད་ཀྱི་རིག་གནས་ཤུལ་བཞག་དང་གསར་གཏོད་ཐོན་ལས་མཐུན་སྦྱོར་གསར་གཏོད་ལྟེ་གནས། རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས། ཅིའུ་ལུང་དབྱི་ཁུའུ་ཤིན་ལིན་ལི་སྒྱུ་རྩལ་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་འཁུར་བ།  PLANམཛེས་རིག་སྒྲིག་གཞིས་སྒྲུབ་རོགས་བཅས་བྱས་ནས། བོད་ལྗོངས་ཀྱི་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་རང་བཞིན་གྱི་སྒྱུར་བཀོད་ལས་གྲུབ་པའི་སྤྱི་པའི་རིག་གནས་བར་མཐོངས་ཐོག་མ་དེའི་སྒྱུར་བཀོད་ཚད་ལྡན་ཡིག་ཆ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཡོད་ལ། ཏིང་དབྱི་དང་། དབྱང་མན། ཅང་ཧྲེང་སོགས་ཀྱི་འཚམས་འདྲི་དང་རྒྱུན་སྡོད་སྒྱུ་རྩལ་མཁས་ཅན་གྱི་བརྩམས་ཆོས་གལ་ཆེན་ཡང་འགྲེམས་སྟོན་བྱས་ཡོད།

འགྲེམས་སྟོན་བྱ་ཡུལ།

 རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ནི་བོད་ལྗོངས་ཀྱི་གནའ་བོའི་སྐྲུན་དངོས་སྲུང་སྐྱོབ་རང་བཞིན་གྱི་སྒྱུར་བཀོད་ལས་གྲུབ་པའི་སྤྱི་པའི་རིག་གནས་བར་མཐོངས་ཐོག་མ་དེ་ཡིན་ཞིང་། དེ་སྔའི་སྐྲུན་དངོས་རྗེ་འབུམ་སྒང་ལྷ་ཁང་ནི་དུས་རབས19པའི་དུས་སྨད་དུ་བསྐྲུན་པ་ཞིག་དང་། བོད་བཟོའི་སྐྲུན་དངོས་ཁྲོད་ཀྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་འབུར་གཟུགས་དཀྱིལ་འཁོར་གྱི་གྲུབ་ཆ་ལྟར་བསྐྲུན་ཡོད་ལ། དེ་སྔ་ལྷ་སའི་གནའ་གྲོང་གི་གནས་རྟགས་ཤིག་ཀྱང་ཡིན་པ་དེར་བོད་ལྗོངས་ཀྱི་སྒྱུ་རྩལ་དང་། བཟོ་སྐྲུན། ལོ་རྒྱུས་བཅས་ཀྱི་སྙིང་བཅུད་འདུས་ཡོད། ས་གནས་དེ་གའི་སྲིད་གཞུང་དང་ཐི་ཧུའུ་སྒྱུ་རྩལ་ཀུང་སིས་སྔ་རྗེས་སུ་ནུས་ཤུགས་ཡོད་རྒུ་བཏོན་ནས་ལོ་གསུམ་ནང་སྲུང་སྐྱོབ་རང་བཞིན་གྱི་སྒྱུར་བཀོད་ལེགས་སྒྲུབ་བྱས་པས་བོད་ལྗོངས་སུ་སྒྱུར་བཀོད་དེ་ལྟར་བུའི་བྱེད་ཐེངས་ཐོག་མ་ཡིན་པའི་བརྒྱུད་རིམ་ཧྲིལ་པོར་རིག་གཞུང་ལས་རིགས་ཀྱིས་དོ་ཁུར་ཆེན་པོ་བྱས་ཡོད། དེ་གོང་སྒྱུར་བཀོད་ཀྱི་འགན་འཁུར་བ་ཧྥང་ཁུན་དང་། ལག་བསྟར་བཟོ་སྐྲུན་པ་ཞ་ཡུས་ཅུན། གློག་སྒྲོན་ཇུས་འགོད་བློ་འདྲི་བ་ཝང་ཞན་བཅས་སི་ཁྲོན་མཛེས་རྩལ་སློབ་གླིང་གི“གྲོང་ཁྱེར་གཉིས་ཀྱི་སྒྱུ་རྩལ་མྱོང་རོལ་གྱིས། གྲོང་ཁྱེར་གྲོང་གསེབ་མཛེས་སྡུག་ལྡན་པར་བྱེད”ཅེས་པའི་མཛེས་རིག་ཧྲིལ་པོའི་རིག་གཞུང་དུས་ཚིགས(2022)ཀྱི་རིག་གཞུང་གླེང་སྟེགས་ནང་མཉམ་དུ་ཞུགས་པར་མི་རྣམས་ཀྱིས་དོ་ཁུར་ཆེན་པོ་ཐོབ་ཡོད། ཐེངས་འདིའི་སི་ཁྲོན་མཛེས་རྩལ་སློབ་གླིང་གིས་ཆེད་མངགས་ཁྲུང་ཆིང་དུ་འགྲེམས་སྟོན་བྱེད་པར་གདན་དྲངས་ནས་སྒྱུར་བཀོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས་ཡོད།

འགྲེམས་སྟོན་བྱ་ཡུལ།

 འགྲེམས་སྟོན་ནང་རྗེ་འབུམ་སྒང་ལྷ་ཁང་གི་སྲུང་སྐྱོབ་རང་བཞིན་གྱི་སྒྱུར་བཀོད་ཁུངས་སྣེར་བྱས་ནས། བོད་ལྗོངས་ཀྱི་ས་ཁམས་དང་མི་ཆོས་རིག་གནས་སྣ་ཚོགས་སྦྲེལ་མཐུད་བྱས་པ་མ་ཟད། ཐ་ན་ཆེད་མངགས་ལྷ་ས་ནས་གནའ་བོའི་འཛུགས་སྐྲུན་ཉམས་གསོ་བྱེད་སྐབས་བརྗེས་པའི་ཆིང་རྒྱལ་རབས་དུས་ཀྱི་མེ་ཏོག་བརྐོས་པའི་ཀ་བ་དང་། འཛུགས་སྐྲུན་སྒྱུར་བཀོད་ཀྱི་དཔེ་དབྱིབས། ལྷུ་ལག་སྒྱུར་བཀོད་ཀྱི་མ་དཔེ། སྒྲོན་མེའི་རིགས་སྣ་ཚོགས་སོགས་དང་མཉམ་དུ་ལྷ་ས་ནས་དབོར་ཡོང་སྟེ་གནའ་བོའི་འཛུགས་སྐྲུན་སྒྱུ་རྩལ་ལྟེ་གནས་ཀྱི་ལོ་རྒྱུས་དང་སྤུས་ཚད་མངོན་པར་བྱས་ཡོད་ལ། དོན་དངོས་དཔེ་མཚོན་ལ་བརྟེན་ནས་ལྟད་མོ་བ་ཚོར་ཇུས་འགོད་མཛེས་རིག་གི་འབྲེལ་མཐུད་བརྗེ་སྒྱུར་དང་འཛུགས་སྐྲུན་གསལ་འགྲེལ་ཡང་བྱས་ཡོད། གཞན་ཡང་འགྲེམས་སྟོན་ཐོག་ད་དུང་སློབ་མའི་བརྩམས་ཆོས་བཅུ་གྲངས་འགྲེམས་སྟོན་བྱས་ཡོད། རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་བཙུགས་ཚུན། སྤྱི་པའི་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ནས་སྒྱུ་རྩལ་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་ཐེངས10ལྷག་ཙམ་སྤེལ་ཡོད་ཅིང་། ཕྲུ་གུ་ཚོས་གནའ་བོའི་འཛུགས་སྐྲུན་ཁྲོད་སྲོལ་རྒྱུན་ནས་དེང་རབས་སུ་བསྐྱོད་ཡོད་ལ། ཁོང་ཚོའི་ཡིད་དབང་འཕྲོག་པའི་བརྩམས་ཆོས་ཁྲོད་སྒྱུ་རྩལ་གྱི་བློ་སྒོ་འབྱེད་པའི་ཚེ་སྲོག་གི་དྲན་འཆར་ཡང་འདུས་ཡོད།

ཁྲུང་ཆིང་གི་གྲོང་མི་ཚོས་འགྲེམས་སྟོན་བྱ་ཡུལ་གྱི་འདྲ་པར་ལ་ལྟ་བཞིན་པ།

 ཤེས་རྟོགས་བྱུང་བར་གཞིགས་ན།  འགྲེམས་སྟོན་དེ་གོང་གི་ཟླ10པར། ཧྲང་ཧའེ་ཐི་ཧུའུ་སྒྱུ་རྩལ་ལྟེ་གནས་སུ་ཐོག་མར་འགྲེམས་སྟོན་བྱས་པ་དང་འབྲེལ།  2022ལོའིART021ཧྲང་ཧའེ་ཉེན་དབྱི་དེང་རབས་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཐོག་དུས་གཅིག་ཏུ་འགྲེམས་སྟོན་ཡང་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1