ཧུང་ཡོན་རྫོང་གིས་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཞིབ་བཤེར་བྱས།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་སྒྲ། སྤེལ་དུས། 01-12




        གནམ་ལོ་གསར་ཚེས་ལ་ཉེ་བའི་སྐབས་འདིར། ཧུང་ཡོན་རྫོང་གི་མང་ཚོགས་རྣམས་གེགས་མེད་བདེ་སྐྱིད་ངང་དུས་ཆེན་རོལ་བར་ཆེད་དུ། ཧུང་ཡོན་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཇུས་འགོད་ཧུར་ཐག་དང་སྔོན་ནས་བཀོད་སྒྲིག་བྱས་ཏེ། དུས་ཆེན་གོང་གི་བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་ཞིབ་བཤེར་བྱེད་སྒོ་སྤེལ།

        ཞིབ་བཤེར་བྱེད་སྒོ་རུ། ཧུང་ཡོན་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་ཁྲིམས་འཛིན་མི་སྣས་ཡུལ་དངོས་ནས་ཞིབ་བཤེར་དང་། འདྲི་རྩད། ཐོག་མའི་དངོས་དཔང་ཞིབ་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ། སྔ་རྗེས་སུ་ཧུང་ཡོན་རྫོང་གི་ཅ་ཧུའེ་སྒོ་རྩིས་ཚོང་ཁང་དང་གྲོང་སྡེའི་ཚོང་ར། བཟའ་བཅའ་ཚད་ཡོད་འགན་འཁྲི་ཀུང་སི། སྨན་རྫས་གཉེར་སྐྱོང་ཁེ་ལས་སོགས་ཐོན་སྐྱེད་གཉེར་སྐྱོང་ཚན་པ་56ལ་ཞིབ་བཤེར་བྱས་ཤིང་། གཙོ་བོ་བཟའ་བཅའ་དང་སྨན་རྫས་ཉོ་འདྲེན་ཐབས་ལམ་དང་། དངོས་ཟོག་ཉོས་པའི་ཟིན་ཐོ། སྤུས་ཚད་ཞིབ་བཞེར་སྙན་ཞུ་སོགས་བཟའ་བཅའ་དང་སྨན་རྫས་གཉེར་སྐྱོང་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས།

        ཐེངས་འདིའི་ཞིབ་བཤེར་བྱེད་སྒོ་ལས་བཟའ་བཅའ་ཐོན་སྐྱེད་གཉེར་སྐྱོང་ཚན་པ་དང་སྨན་རྫས་གཉེར་སྐྱོང་ཁེ་ལས་ཀྱི་ཁྲིམས་ལུགས་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། བདེ་འཇགས་འདུ་ཤེས་བཅས་སྔར་བས་ཤུགས་ཆེ་རུ་བཏང་སྟེ། འཆམ་མཐུན་གྱི་ཚོང་རའི་དཔལ་འབྱོར་ཁོར་ཡུག་བསྐྲུན་ནས་མི་དམངས་མང་ཚོགས་ཀྱི་བཟའ་བཏུང་དང་སྨན་རྫས་ཉེན་མེད་ཡོང་བར་ཁག་ཐེག་བྱས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1