གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་སྡེའི་མིང་བྱང་གསར་པ་བཏོད་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-12



སི་ཁྲོན་གྱིས་ཐུན་ཁོངས་ཀྱི་དགེ་མཚན་འདོན་སྤེལ་བྱས་ནས་གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་སྡེའི་མིང་བྱང་གསར་པ་བཏོད་པ། 

        གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་ནི་མི་རིགས་རིག་གནས་ཀྱི་ཉིང་བསྡུས་ཡིན་ཞིང་། ཐོན་ལས་ཀྱི་སྒྲིག་གཞི་དང་སྡོད་ཁང་གི་རྣམ་པ། གྲོང་སྡེའི་མཛེས་ལྗོངས། ཡུལ་སྲོལ་གོམས་གཤིས་སོགས་ལས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་རིག་གནས་ཁྱད་ཆོས་མངོན། གྲངས་ཉུང་མི་རིགས་ས་ཁུལ་གྱི་གྲོང་སྡེ་དང་དབུལ་ཐར་འགག་སྒྲོལ། གྲོང་གསེབ་དར་སྤེལ། གཞི་རིམ་བཅོས་སྐྱོང་བཅས་དང་དམ་དུ་སྦྲེལ་བ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བའི་ཐབས་ལམ་གཙོ་བོ་ཞིག་དང་ཕན་ནུས་ལྡན་པའི་འདེགས་གཞི་ཞིག་ཡིན་པ་རེད། ཉེ་བའི་ལོ་ཤས་རིང་། སི་ཁྲོན་གྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལྡན་པའི་གྲོང་སྡེ་ཐོན་ཁུངས་འདོན་སྤེལ་བྱས་ནས་མི་རིགས་ས་ཁུལ་གྱི་ཁོངས་ཡོངས་ཡུལ་སྐོར་དང་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1