ཞིང་ཆེན་སྲིད་གྲོས་ཨུ་ཡོན་གསེར་སྒྲོན་གྱིས་གྲོས་གཞི་འདི་འདྲ་བཏོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-15



སྲིད་གྲོས་ཨུ་ཡོན་གསེར་སྒྲོན། རང་ནུས་ཅི་ལྕོགས་ཀྱིས་མི་རིགས་སློབ་གསོའི་བྱ་གཞག་ལ་སྲི་ཞུ་སྒྲུབ།

        ཨུ་ཡོན་གསེར་སྒྲོན་གྱིས་ཉེ་བའི་ལོ་ཤས་རིང་ཏང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་མི་རིགས་ས་ཁུལ་གྱི་སློབ་གསོ་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་པ་དང་། ཞག་སྡོད་ལམ་ལུགས་སློབ་གྲྭས་ས་བབ་མཐོ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་ཞིང་འབྲོག་པའི་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་མི་བདེ་བའི་དཀའ་གནད་ཐག་གཅོད་ཡག་པོ་བྱས་པས། སློབ་གྲྭར་འགྲོ་མི་ཐུབ་པའི་དཀའ་ངལ་ཆུང་དུ་ཆེས་ཆེར་ཕྱིན་ནས། སློབ་ལོ་ལོན་པའི་བྱིས་པ་ཚང་མ་སློབ་གྲྭར་འགྲོ་ཐུབ་པ་ཁག་ཐེག་བྱས་པ་དང་དུས་མཚུངས་ཁྱིམ་བདག་ཚོར་ཐོན་སྐྱེད་ངལ་རྩོལ་གྱི་དུས་ཚོད་ཀྱང་མཁོ་འདོན་བྱས་ཡོད་ཅེས་བཤད། མོས་ད་དུང་ས་བབ་མཐོ་བའི་ས་ཁུལ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཕྲུ་གུ་མང་བ་དང་། ལས་ཀ་ཚེགས་ཆེ་བ། གནོན་ཤུགས་ཆེ་བ། འགན་འཁྲི་ཆེ་བ། བདེ་འཇགས་ཉེན་ཁ་ཆེ་བ་བཅས་ཡོད། དེར་བརྟེན། ཕུལ་བྱུང་གི་དགེ་རྒན་ཚགས་མི་ཐུབ། ཕུལ་བྱུང་དགེ་རྒན་ཡོང་མི་འདོད་པའི་སྣང་ཚུལ་ཡང་ཧ་ཅང་མངོན་གསལ་དོད་པོ་རེད། མ་འོངས་པར་ཞིང་ཆེན་སྲིད་གཞུང་གིས་ས་བབ་མཐོ་བའི་ས་ཁུལ་དང་ཐག་རིང་ལུང་ཁུག་ས་ཁུལ། ལྷག་པར་དུ་རྫོང་གྲོང་འབྲེལ་མཚམས་སུ་གྲོང་གསེབ་ཀྱི་ཁ་གསབ་ལོངས་སྤྱོད་བྱ་རྒྱུ་མེད་པ་དང་། སློབ་གསེང་རྗེས་ཀྱི་ཞབས་ཞུའི་གསབ་དངུལ་ལོངས་སྤྱོད་བྱ་རྒྱུ་མེད་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་དགེ་རྒན་ལ་སྲིད་ཇུས་དང་ཐོབ་ཐང་ཐད་ནས་གཟིགས་སྐྱོང་བྱེད་པ་དང་འབྲེལ་ཆེད་སྤྱོད་མ་དངུལ་གྱི་ཁ་གསབ་སྦྱིན་རྒྱུའི་རེ་བ་ཡོད། དེ་དང་ཆབས་ཅིག་ལས་ཞུགས་ཐད་ས་གནས་དེ་གའི་རྒྱུགས་སྤྲོད་སློབ་མར་སྲིད་ཇུས་ཐད་ནས་གཟིགས་སྐྱོང་འོས་འཚམ་གཏང་རྒྱུ་མ་ཟད། ཐག་རིང་ལུང་ཁུག་དང་མི་རིགས་ས་ཁུལ་ལ་གནས་ཐུབ་པའི་ས་གནས་དེ་གའི་ཤེས་ལྡན་པ་མང་ཙམ་གསོ་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1