མདོ་ལ་རྫོང་དུ་བོད་རིགས་མང་ཚོགས་ཀྱིས་མདའ་རྩལ་འགྲན་བསྡུར་སྤེལ་ནས་ལོ་གསར་བསུས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 01-16



        ཟླ1པོའི་ཚེས10ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་བོད་རིགས་མང་ཚོགས་ཀྱིས་སྟག་ཤ་རའི་དཔུང་ཤུགས་ངོམ་ནས་མདའ་རྩལ་འགྲན་པ་རེད། ཆུ་ཡོས་ལོའི་ལོ་གསར་སླེབས་ལ་ཉེ་དུས། མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གིས་མི་རིགས་ཀྱི་སྲོལ་རྒྱུན་མདའ་རྩལ་འགྲན་བསྡུར་སྤེལ་ནས། མདའ་འཕེན་ལ་མོས་པ་ཡོད་མཁན་དག་མདའ་ར་གཅིག་ཏུ་འཛོམས་ནས། མདའ་རྩལ་འགྲན་པ་དང་མདའ་ལ་བརྟེན་ནས་གྲོགས་པོ་སྒྲིག་སྟེ་ཀྲུང་གོའི་ལུགས་རྙིང་གི་ཆུ་ཡོས་ལོའི་ལོ་གསར་མཉམ་དུ་བསུས། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1