སི་ཁྲོན་དམངས་ཆེན་དང་སྲིད་གཞུང་སོགས་ཀྱི་སྐབས་གསར་པའི་དབུ་ཁྲིད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-16


ཝང་ཞའོ་ཧུའེ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་འདེམས་བསྐོ་བྱས་པ་དང་། ཧོང་ཆང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་ལ་འདེམས་བསྐོ་བྱས། སི་ཁྲོན་གྱི་སྐབས་གསར་པའི་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱི་མིང་ཐོ་དང་ངོ་སྤྲོད་བསྡུས་པ།

        སྤྱི་ཟླ་དང་པོའི་ཚེས་15ཉིན་གྱི་སི་ཁྲོན་ཞིང་ཆེན་སྐབས་བཅུ་བཞི་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོར་ཝང་ཞའོ་ཧུའེ་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་འདེམས་བསྐོ་བྱས་པ་དང་། ཝང་ཡན་ཧྥེ་དང་ལུའོ་ཆང་། ཀྲུའུ་ཁྲུན་ཞིའུ། ཕིང་ལིན། སུང་ཁྲའོ་ཧྭ། ཝང་ཧྥེ། ལིའུ་ཕིང་། ཧོ་ཡན་ཀྲེང་། ཀྲུ་ཅ་ཏེ། ཧོ་ལི་བཅས་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས། ཅ་རུའེ་ཡུན་དྲུང་ཡིག་ཆེན་མོར་བདམས་པ་རེད།

        ཧོང་ཆང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་ལ་འདེམས་བསྐོ་བྱས་པ་དང་། ལི་ཡུན་ཙེ། དབྱང་ཞིང་ཕིང་། ཡེ་ཧན་པིན། ཐེན་ཆིང་ཡིང་། ཧུའུ་ཡུན། ཀྲེང་པེ། ཏོན་དབྱི་ཅུན་བཅས་ཞིང་ཆེན་གྱི་ཞིང་དཔོན་གཞོན་པར་འདེམས་བསྐོ་བྱས།

        ལིའོ་ཅན་ཡུས་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས།

        ཝང་ཧྲུའུ་ཅང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་འདེམས་བསྐོ་བྱས་པ་དང་། ཀོ་ཞའོ་ཡན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་དུ་འདེམས་བསྐོ་བྱས། གསར་དུ་བདམས་པའི་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་ཀོ་ཞའོ་ཡན་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཆོག་མཆན་ཞུ་རྒྱུར་སྒུག་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1