ཡུག་རེན་གྱིས་རྒྱལ་ཁབ་འདིའི་མི་198བཀག་སྡོམ་བྱས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-17


        ཡུག་རེན་གྱི་ཙུང་ཐུང་ཙེ་ལན་སི་ཅི་ཡིས་ས་གནས་དེ་གའི་དུས་ཚོད་ཚེས་15ཉིན་བཀའ་རྒྱར་མིང་རྟགས་བཀོད་ནས། ཡུག་རེན་རྒྱལ་ཁབ་བདེ་འཇགས་དང་རྒྱལ་སྲུང་ཨུ་ལྷན་གྱིས་མི་198བཀག་སྡོམ་བྱ་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། བཀག་སྡོམ་གྱི་མིང་ཐོའི་ནང་ཨུ་རུ་སུའི་གསར་འགོད་པ་གྲགས་ཅན་དང་། སྙན་སྒྲོན་པ། སྒྱུ་རྩལ་དང་རིག་གནས་ལས་རིགས་ཀྱི་མི་སྣ། དེ་བཞིན་ཡུག་རེན་དང་བྷེ་ཨུ་རུ་སུའི་ཨུ་རུ་སུར་རྒྱབ་སྐྱོར་གྱི་ལངས་ཕྱོགས་འཛིན་མཁན་སྨྱན་སྦྱོར་མི་སྣ་འགའ་ཞིག་བཅས་ཚུད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1