༄༅།། རིམས་ནད་འགོག་པའི་ཐབས་ལམ་བཟང་བོ་འགའ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-17


        ལག་པ་གཙང་མར་བཀྲུ་དགོས།

        ལག་པར་སྦགས་བཙོག་ཐེབས་རྗེས་གཙང་མར་བཀྲུ་དགོས་པ་དང་། ཟས་རིགས་གཡོས་སྦྱོར་བྱེད་སྐབས་དང་སྤྱོད་ཁང་དུ་སོང་བའི་རྗེས། རྒན་པ་དང་བྱིས་པར་སྙོང་སྐྱོང་དང་། ནད་པར་ནད་གཡོག་བྱེད་པ། ཁ་སྣ་དང་མིག་ལ་ཐུག་རེག་བྱེད་པ། སྒོར་སོང་ནས་ཕྱིར་ཁྱིམ་དུ་ལོག་པ། གློ་ལུ་རྒྱག་པ་དང་ཧབ་སྦྲིད་བརྒྱབ་རྗེས། གཙང་སྦྲ་དང་གད་སྙིགས་གཙང་ཕྱགས་བྱས་རྗེས། སྤྱོད་ཁང་དུ་འགྲོ་བ་དང་མགྱོགས་སྐྱེལ་ལ་ཐུག་རེག་བྱས་རྗེས། གློག་སྐས་མཐེབ་གནོན་དང་སྒོ་ལུང་སོགས་སྤྱི་པའི་སྒྲིག་ཆས་ལ་ཐུག་རེག་བྱས་རྗེས་ལག་པ་བཀྲུ་བ་དང་ཡང་ན་དུག་སེལ་བྱེད་དགོས།

        ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་དགོས།

        ཚ་རྒྱས་པ་དང་གློ་ལུ་རྒྱག་པ་སོགས་ཀྱི་ནད་རྟགས་ཡོད་དུས་དང་། སྨན་བཅོས་བྱེད་པ་དང་འཚང་ཁ་རྒྱག་དུས། གློག་སྐས་དང་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་དུས། དེ་མིན་མི་ཚོགས་འདུ་འཛོམས་བྱེད་སའི་སྤྱི་པའི་ཚོགས་ར་སོགས་སུ་འགྲོ་དུས་ཁ་ཐུམ་རྒྱག་དགོས།

        འགོག་ཁབ་རྒྱག་དགོས།

        རྒྱལ་ཁབ་པྲོག་གསར་གློ་ཚད་ནད་དུག་གི་འགོག་ཁབ་རྒྱག་པའི་སྲིད་ཇུས་དང་ལེན་བྱེད་པ་དང་། འགོག་ཁབ་རྒྱག་པར་ཧུར་ཐག་གིས་རམ་འདེགས་བྱས་ཏེ། མི་སྒེར་གྱི་བདེ་ཐང་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

        བདེ་ཐང་གི་འཚོ་བ་རོལ་སྟངས་ལོབས་དགོས།

        ལུས་ཕུང་སྦྱོང་བརྡར་བྱེད་པར་ཤུགས་སྣོན་པ་དང་། ལས་སྒྲུབ་དང་ངལ་གསོའི་དུས་ཚོད་རྒྱུན་འཛིན་བྱེད་པ། གཉིད་ཀྱིས་འདང་བར་ཁག་ཐེག་དང་སེམས་ཁམས་བདེ་ཐང་ཡོང་བར་བྱེད་དགོས། ཟས་གཙང་མ་ཟ་བ་དང་། དུ་བ་གཅོད་པ་དང་ཆང་ཉུང་ངུ་འཐུང་དགོས། ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་དགོས།

        སྤྱོད་ཁང་ལ་གཙང་སྦྲ་ལེགས་པོ་བྱེད་དགོས།

        སྤྱོད་ཁང་ལ་གཙང་སྦྲ་བྱེད་པ་དང་ཆབ་ཏོག་ཆུ་བཤལ་མ་བརྒྱབ་གོང་ཁ་ལེབ་རྒྱག་དགོས། རྒྱུན་དུ་དྲ་མ་འབྱེད་པ་དང་ཡང་ན་དབུགས་ཕུད་འཕྲུལ་ཆས་ཀྱི་ཁ་ཕྱེ་སྟེ་ཆུ་མི་འཛག་པ་བྱེད་དགོས།

        གཙང་སྦྲ་དང་དུག་སེལ་བྱེད་དགོས།

        ཁང་པའི་ནང་དུ་ཉིན་རེར་གཙང་སྦྲ་བྱེད་པ་དང་། འཁྱགས་ཟས་གཡོས་སྦྱོར་གྱི་ཐབ་ཆས་དང་སྟེགས་བུ། དེ་མིན་ནད་པ་དང་མགྲོན་པོས་བཀོལ་སྤྱོད་བྱས་པའི་དངོས་རྫས་དང་གསོལ་ཆས་བཅས་ལ་དུས་ཐོག་ཏུ་དུག་སེལ་ལེགས་པོ་བྱེད་དགོས།

        དུས་རྒྱུན་དུ་རླུང་རྒྱུ་རུ་འཇུག་དགོས།

        ཁྱིམ་དུ་མི་མང་པོ་འཛོམས་དུས་དང་། ཁང་པའི་ནང་དུ་དྲི་ངན་འཐུལ་བ་དང་སྣུམ་དུ་འཐུལ་དུས། དེ་མིན་ད་རུང་ནད་པ་ཡོད་དུས་དང་མགྲོན་པོ་ཕྱིར་ལོག་རྗེས། དྲ་མ་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས།

        སྨི་གཅིག་གི་བར་ཐག་འཛིན་དགོས།

        གྲལ་སྒྲིག་པ་དང་དངུལ་སྤྲོད་པ། ཁ་བརྡ་དང་ལུས་སྦྱོང་བྱེད་པ། ལྟ་སྐོར་བཅས་བྱེད་དུས་སྨི་གཅིག་ཡན་གྱི་བར་ཐག་འཛིན་དགོས།

        བཟའ་བཏུང་ལུགས་མཐུན་གྱིས་སྤྱོད་དགོས།

        གསོལ་ཆས་བསྲེས་སྤྱོད་མི་བྱེད་པ་དང་། ཚོད་མ་ལེན་དུས་སྤྱི་ཐུར་བཀོལ་དགོས། ཅི་ནུས་ཀྱིས་ཟ་མ་བགོས་ནས་ཟ་བ། ཇ་ཁང་དུ་ཟ་མ་ཟ་དུས་གསོལ་ཆས་ཅི་ནུས་སྒོས་རང་གིས་གྲ་སྒྲིག་བྱེད་དགོས།

        གློ་ལུ་རྒྱག་དུས་གུས་སྲོལ་ལ་མཉམ་འཇོག་བྱེད་དགོས།

        གློ་ལུ་རྒྱག་པ་དང་ཧབ་སྦྲིད་རྒྱག་དུས། གཙང་ཤོག་གིས་ཁ་སྣ་གཅོད་པ་དང་། གཙང་ཤོག་མེད་དུས་ལག་པའི་གྲུ་མོས་ཁ་སྣ་གཅོད་དགོས་ལ། གཙང་ཤོག་གང་སར་འདོར་མི་རུང་བ་བཅས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1