སྐྱེ་དངོས་སྣ་མང་རང་བཞིན་གྱིས་ཕལ་ཆེར་རྩི་ཤིང་གི་ལོ་མའི་གནོད་འབུ་ལ་ཚོད་འཛིན་བྱེད་རོགས་ཐུབ་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 01-18



        ཉེ་ཆར། གསར་འགོད་པས་ལན་ཀྲོའུ་སློབ་ཆེན་ནས་རྒྱུས་ལོན་བྱུང་བ་ལྟར་ན། སློབ་གྲྭ་དེའི་སྐྱེ་ཁམས་སློབ་གླིང་གི་ལིའུ་ཞང་ཞིབ་འཇུག་བྱ་གཞིའི་ཚོགས་པ་ཡིས་ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོའི་རྩྭ་ཐང་སྐྱེ་ཁམས་མ་ལག་གི་རྒྱལ་ཁབ་བྱེས་ཡུལ་ཚན་རིག་ལྟ་དཔྱད་ཚད་འཇལ་ཞིབ་འཇུག་ས་ཚུགས་ལ་བརྟེན་ནས་རྩི་ཤིང་ཚོམ་བུ(植物群落)ཡི་ཁྲོད་ཀྱི་སླ་གཏོང་ནུས་སྣང(稀释效应)ནི་ཆ་ཚད(尺度)ཆུང་བའི་ནང་དུ་ཅུང་ཆེ་བ་དང་ཆ་ཚད་ཆེ་བའི་ནང་དུ་ཅུང་ཆུང་བ་ཡི་བར་སྟོང་ཆ་ཚད(空间尺度)ལ་རག་ལས་ཚུལ་ར་སྤྲོད་བྱས་ཏེ་ནད་རིགས་སྐྱེ་ཁམས་རིག་པ་ཡི་རྩི་ཤིང་ཚོམ་བུའི་ནང་གི་སླ་གཏོང་ནུས་སྣང་གི་ཀུན་འཚམ་རང་བཞིན་གྱི་རྩོད་གཞི་སྙོམས་པར་བྱེད་པ་ལ་མགོ་ཚུགས་ས་གསར་བ་འདོན་སྤྲོད་བྱས་པ་དང་། བར་སྟོང་ཆ་ཚད་འདི་རྩི་ཤིང་གི་ལོ་མའི་གནོད་འབུ་སྔོན་དཔོག་བྱེད་པའི་ཁྲོད་དུ་ནུས་པ་གལ་ཆེན་ལྡན་ཚུལ་ནན་བཤད་བྱས་ཡོད།

སྐྱེ་དངོས་སྣ་མང་རང་བཞིན་གྱི་པར་རིས།

        ལན་ཀྲོའུ་སློབ་ཆེན་སྐྱེ་ཁམས་སློབ་གླིང་གི་གཞོན་སྐྱེས་ཞིབ་འཇུག་པ་ལིའུ་ཞང་གིས་སྐྱེ་དངོས་སྣ་མང་རང་བཞིན་དང་འགོ་བའི་རང་བཞིན་གྱི་ནད་རིགས་ཀྱི་ཉེན་ཁའི་བར་དུ་སྡོམ་རྒྱ་ལྟ་བུའི་འབྲེལ་བ་ཡོད་ཅེས་མཚམས་སྦྱོར་བྱས།

        “སྐྱེ་དངོས་སྣ་མང་རང་བཞིན་གཞི་རྒྱ་ཆེ་བའི་ངང་མེད་པར་འགྱུར་བའི་རྒྱབ་ལྗོངས་འོག སྐྱེ་དངོས་སྣ་མང་རང་བཞིན་དང་འགོ་བའི་རང་བཞིན་གྱི་ནད་རིགས་བར་གྱི་འབྲེལ་བ་ལ་དཔྱད་བསྡུར་བྱས་ན། གཞུང་ལུགས་དང་ལག་ལེན་གཉིས་ལ་དོན་སྙིང་ཡོད།” ལིའུ་ཞང་གིས“ནད་རིགས་སྐྱེ་ཁམས་རིག་པའི་ཕྱོགས་ནས་བལྟས་ན། རྟེན་གནས་སྐྱེ་དངོས་སྣ་མང་རང་བཞིན་གྱིས་ཕལ་ཆེར་ནད་རིགས་ལ་སླ་གཏོང་ནུས་སྣང་སྟེ་ནད་རིགས་ཀྱི་ཉེན་ཁ་ནི་སྐྱེ་དངོས་སྣ་མང་རང་བཞིན་ཇེ་མང་ལ་སོང་བ་དང་བསྟུན་ནས་ཇེ་དམའ་རུ་འགྲོ་བའི་སྣང་ཚུལ་གྱི་ཕན་ནུས་ཐོན”ཞེས་བཤད།

        ལིའུ་ཞང་གིས་བསྟན་དོན། སླ་གཏོང་ནུས་སྣང་ཐོན་པའི་རྐྱེན་སྲོལ་གཙོ་བོ་ལ་འགོ་སླའི་རྟེན་གནས་ཀྱི་དོ་དམ་དང་། ངོ་ཐུག་པའི་ཚད་ཇེ་དམའ་ཡིན་པ། སྐྱེ་དངོས་སྣ་མང་རང་བཞིན་གྱི་གོ་རིམ་རང་བཞིན་བོར་བརླག་ཤོར་བ་སོགས་འདུས་དགོས་པ་དང་། གོང་གསལ་གྱི་རྐྱེན་སྲོལ་འབྱུང་བ་ནི་ཕལ་ཆེར་ཆ་ཚད་ཆུང་ན་ཅུང་ཆེ་བ་དང་ཆ་ཚད་ཆེ་ན་ཅུང་ཆུང་བའི་བར་སྟོང་ཆ་ཚད་ལ་རག་ལས་པ་ཡིན། རྩི་ཤིང་གི་ལོ་མའི་ནད་གཞི་སྨར་སྲིན་གྱིས་མཚོན་པའི་འཚོ་བཅུད་མཐོ་བའི་སྐྱེ་དངོས་རིགས་ཁྱུ(生物类群)ཡིས་གཤམ་སྐྱོད་ནུས་སྣང(下行效应)བརྒྱུད་ནས་རྩི་ཤིང་ཚོམ་བུ་ལ་ཤུགས་རྐྱེན་ཐེབས་པ་དང་། དུས་མཚུངས་སུ། རྩི་ཤིང་གི་ལོ་མའི་ནད་གཞི་སྨར་སྲིན་གྱིས་ཀྱང་རྩི་ཤིང་ཚོམ་བུ་ལ་ལྡོག་ནས་ཤུགས་རྐྱེན་ཐེབས་པ་ཡིན་པས། སླ་གཏོང་ནུས་སྣང་འབྱུང་བའི་རྐྱེན་སྲོལ་ལ་དཔྱད་བསྡུར་བྱེད་པར་ཞིབ་འཇུག་མ་ལག་བཟང་བོ་ཞིག་འདོན་སྤྲོད་བྱས་ཡོད།

སྐྱེ་དངོས་སྣ་མང་རང་བཞིན་ལས་རྩི་ཤིང་གི་ལོ་མའི་གནོད་འབུ་ལ་སླ་གཏོང་ནུས་སྣང་འབྱུང་བར་བར་སྟོང་ཆ་ཚད་ལ་རག་ལས་པའི་དཔེ་རིས།

        ཞིབ་འཇུག་ཚོགས་པས་ཡུན་རིང་ལ་ལུད་རྫས་གཏོར་བའི་མ་དཔེ་ཁུལ་དུ་མཐའི་རིང་ཚད་ལ་སྨི0.125དང་། སྨི0.25 སྨི0.5བཅས་ཡོད་པའི་ཆེ་ཆུང་མི་འདྲ་བའི་གྲུ་བཞི་ཁ་གང་མའི་མ་དཔེ་སྒམ་གསུམ་སྒྲིག་འཇོག་བྱས་པ་དང་། མ་དཔེ་སྒམ་ནང་གི་རྩི་ཤིང་གི་ལོ་མའི་གནོད་འབུ་ཡི་ཚབས་ཆེའི་ཚད་རིམ་ལ་བརྟག་དཔྱད་བྱེད་པ་བརྒྱུད་རྟེན་གནས་རྩི་ཤིང་གི་མང་ཚད་དང་རྟེན་གནས་མ་ཡིན་པའི་རྩི་ཤིང་གི་ལྟོས་བཅས་མང་ཚད། རྩི་ཤིང་དངོས་རིགས་ཀྱི་ཕུན་སུམ་ཚོགས་ཚད་སོགས་དམིགས་ཚད་མང་པོ་ལ་ཟུང་འབྲེལ་བྱས་ཏེ་འདྲ་དཔེ་མང་པོའི་ཚོད་དཔག་ཐག་གཅོད་དང་འདྲ་དཔེ་ལེགས་འདེམས། འདྲ་དཔེ་ཆ་སྙོམས། གྲུབ་ཚུལ་མཉམ་བྱའི་འདྲ་དཔེ་སོགས་ཀྱི་དབྱེ་ཞིབ་བྱེད་ཐབས་ཕྱོགས་བསྡུས་ངང་སྤྱད་པ་ན། བར་སྟོང་ཆ་ཚད་ལྟོས་བཅས་ཀྱི་ཅུང་ཆུང་བའི་འོག ངོ་ཐུག་པའི་ཚད་ཇེ་དམའ་ཡིན་པ་དང་འགོ་སླ་བའི་རྟེན་གནས་དོ་དམ་སོགས་ཀྱིས་སླ་གཏོང་ནུས་སྣང་གི་རྐྱེན་སྲོལ་ལ་ཕོག་ཐུག་གཏོང་བ་ཅུང་དྲག་པོ་ཡིན་པས། སྔར་ལས་ལྷག་པའི་སྒོ་ནས་སླ་གཏོང་ནུས་སྣང་ལ་ལྟ་དཔྱད་བྱེད་སླ་བ་ཤེས་རྟོགས་བྱུང་།

        དུས་མཚུངས་སུ། ཏན་རྒྱུ(氮)བསྣན་ན་ཐད་ཀའི་ཐབས་ལམ(直接途径)བརྒྱུད་ནས་རྩི་ཤིང་སྣ་མང་རང་བཞིན་གྱི་བརྒྱུད་པའི་ཐབས་ལམ(间接途径)གྱིས་ལོ་མའི་གནོད་འབུ་ཡི་ཚབས་ཆེའི་ཚད་རིམ་ལ་ཤུགས་རྐྱེན་ཐེབས་ཚུལ་ཇེ་དམའ་ལ་གཏོང་ཐུབ་ནའང་། བརྒྱུད་པའི་ཐབས་ལམ་ནི་རྒྱུན་ལྡན་དུ་བར་སྟོང་ཆ་ཚད་ཅུང་ཆུང་བའི་ནང་དུ། ད་གཟོད་སྔར་ལས་གལ་ཆེ་བའི་ནུས་པ་ཐོན་ཐུབ་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1