སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 01-18


        ཟླ་བ་དང་པོའི་ཚེས་བཅུ་དྲུག་ཉིན། ཀྲུང་གོ་གུང་ཁྲན་ཏང་གི་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་གྲོས་ཚོགས་ནང་ཞུགས་པ་མ་ཚད་གསུང་བཤད་གནང་། ཁོང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། ནང་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་ལག་ལེན་ཟབ་མོ་དང་། སྒྲིག་ལམ་བཙན་པོའི་རྩ་དོན་དང་བྱེད་ཐབས། ཁོར་ཡུག་རྒྱུན་འཁྱོངས་ཡུན་རིང་། ཚད་གཞི་མཐོན་པོའི་རང་རྟོགས་རང་འགུལ་གྱིས་ཁྱོན་ཡོངས་ཏང་ནན་སྐྱོང་ལྷོད་མེད་དང་། ཞིང་ཆེན་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཀ་འཕེལ་རྒྱས་སྤུས་དག་བཏང་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་འཕེལ་རྒྱས་ལ་ཁག་ཐེག་བརྟན་པོ་བྱ་དགོས་པའི་ནན་གསུང་གནང་། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཧོང་ཆང་དང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཐེན་ཞང་ལི་རྣམ་གཉིས་གྲོས་ཚོགས་ནང་ཞུགས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1