དམར་ཕྱིའི་པར་ཆས་ལས་གསའ་ཡི་འཚོ་སྡོད་རྣམ་པ་པར་དུ་བླངས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-19


        ཉེ་ཆར།  མཚོ་སྔོན་དབུས་ལམ་རྫོང་དུར་ལམ་མཚེའུ་ཡི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་བཙུགས་པའི་དམར་ཕྱིའི་པར་ཆས་སུ་གསའ་ཞིག་པར་དུ་བླངས་ཡོད།

        དེའི་ཁྲོད་དུ་གསའ་ཞིག་བྲག་རྡོའི་བར་གསེང་དུ་རང་གི་མངའ་ཁོངས་ཀྱི་ས་ཆར་རྟགས་རྒྱག་བཞིན་ཡོད་པ་དང་།  པར་གཞན་དེར་གསའ་གཉིས་ཀྱིས་ཕན་ཚུན་འདེད་རེས་བྱས་ནས་སྐྱེ་སྟོབས་ངོམ་བཞིན་ཡོད།

        མཚོ་སྔོན་དབུས་ལམ་རྫོང་དུར་ལམ་མཚེའུ་ཡི་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་སྣོད་བཅུད་ཁོར་ཡུག་སྣ་མང་ཕུན་སུམ་ཚོགས་ཤིང་།   དེ་ནི་མཚོ་བོད་མཐོ་སྒང་གི་མཐོ་གྲང་མཚེའུ་ཡི་འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ཁྱབ་འགྱེད་ཀྱི་ས་ཁོངས་གལ་ཆེན་ཞིག་ཡིན་ལ།  རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་བྱ་ཡུལ་གྱི་ཞིང་ཁམས་ཤིག་ཀྱང་རེད།  རྒྱུས་ལོན་བྱུང་བར་གཞིགས་ན།  2022ལོའི་ཟླ7པ་ནས་བཟུང་དུར་ལམ་མཚེའུ་ཡི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་དམར་ཕྱིའི་པར་ཆས་ཀྱིས་གསའ་ཡི་འགུལ་སྤྱོད་ཀྱི་བརྙན་པར་ཐེངས་མང་པར་དུ་བླངས་ཡོད།

        གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཡིན་པ་དང་།  མཐོ་སྒང་གི་སྣོད་བཅུད་ཁྲོད་ཀྱི་སྲོག་ཆགས་གཙོ་བོ་ཞིག་ཡིན་པས“གངས་རིའི་རྒྱལ་པོ”ཞེས་མཚན་གསོལ་ཡོད།  མཚོ་སྔོན་དབུས་ལམ་རྫོང་དུར་ལམ་མཚེའུ་ཡི་རྒྱལ་ཁབ་འདམ་རའི་སྤྱི་གླིང་བཙུགས་པ་ནས་བཟུང་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་།  འདམ་རའི་སྣོད་བཅུད་ནུས་པ་དང་སྣོད་བཅུད་མ་ལག་གི་འཁོར་འབྲེལ་ནུས་ལྡན་ངང་སླར་གསོ་ཐུབ་པས།    གསའ་ཡང་དེའི་རྒྱུད་ཀྱི“རྟག་རྒྱུན་མགྲོན་པོ”ཞིག་ཏུ་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1