ལོ་སར་ལ་འཚམས་འདྲི་བྱས་ཏེ་མི་སེམས་ལ་དྲོད་ཁོལ་ཕུལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 01-19


        ལོ་སར་ཐོན་ལ་ཉེ་བའི་སྐབས་ཏེ་ཟླ་དང་པོའི་ཚེས་13ནས14ཉིན་གྱི་བར། རྫོང་ཨུའི་ཧྲུའུ་ཅི་ལིའུ་ཧྥེ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཧན་ཏེ་ལུང་དང་བཅས་པ་ཏུའུ་ཅང་ཡན་དང་ཕི་ཏུའུ་ཁུལ་དུ་བསྐྱོད་དེ། རང་རེའི་རྫོང་གི་ལས་འཁྱུར་ངལ་གསོ་དང་ལས་གནས་ཟུར་བའི་ལས་བྱེད་རྒན་པར་འཚམས་འདྲི་སྒོས། རྫོང་གི་ཚན་ཁག་བཞིའི་ཚབ་བཞེས་ཏེ་ལས་བྱེད་རྒན་པ་རྣམས་ལ་དྲོད་ཁོལ་དང་ཐུགས་ཁུར་བསྐྱལ་བར་མ་ཟད། སྙིང་ཐག་པ་ནས་འཚམས་འདྲི་གནང་། རྫོང་གི་འགོ་ཁྲིད་ཐང་པོ་དང་ཚེ་ཅུན་འཚམས་འདྲིར་ཞུགས།

        

        འཚམས་འདྲིའི་ཁྲོད་ལིའུ་ཧྥེ་དང་བཅས་པས་ལས་བྱེད་རྒན་པ་རྣམས་ཀྱི་འཚོ་བ་དང་བདེ་ཐང་། དཀའ་ངལ་བཅས་ཀྱི་གནས་ཚུལ་འདྲི་རྟོག་སྒོས། ཁོང་ཚོས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ལས་ཀར་བཏོན་པའི་བསམ་འཆར་དང་གྲོས་གཞིར་གཟབ་ནན་གྱིས་མཉན་པར་མ་ཟད། ལས་བྱེད་རྒན་པ་རྣམས་ཀྱི་ལོ་སར་སྐྱིད་ཅིང་ཚེ་རིང་ནད་མེད། ཁྱིམ་ཚང་བདེ་སྐྱིད་བཅས་ཡོང་བར་སྨོན་འདུན་ཞུས་པར་མ་ཟད་། ལས་བྱེད་རྒན་པ་རྣམས་ཀྱིས་ལོ་མང་བོར་མཛོད་དགེའི་འཕེལ་རྒྱས་དང་འཛུགས་སྐྲུན་ཐད་སེམས་ཤུགས་དང་རྔུལ་ཁྲག་ཕུལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་སྦྲགས་གུས་འདུད་བླ་མེད་ཞུས།




         ལིའུ་ཧྥེས་བསྟན་དོན། མཛོད་དགེའི་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་ཆས་སོགས་ཀྱི་ཐད་ནས་འགྱུར་ལྡོག་དགའ་འོས་པ་ཞིག་བྱུང་བ་དང་། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་ཇེ་ལེགས་སུ་འགྲོ་བཞིན་ཡོད། གྲུབ་འབྲས་འདི་དག་ནི་ལས་བྱེད་རྒན་པ་རྣམས་ཀྱི་སྐབས་རེ་རེའི་འབད་འཐབ་དང་འབྲལ་ཐབས་མེད་ལ། ལས་བྱེད་རྒན་པ་རྣམས་ཀྱིས་ལས་འཁྱུར་ངལ་གསོ་བྱས་རུང་ལས་མཚམས་མ་བཞག་པར། ཕ་ཡུལ་གྱི་བྱ་གཞག་ཆེད་དུ་རྔུལ་ཁྲག་འབོར་ཆེན་བཏང་སྟེ། མཛོད་དགེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་བར་བྱས་རྗེས་གལ་ཆེན་བཞག་པས། ཁོང་ཚོ་ནི་ཏང་དང་སྲིད་གཞུང་གི་ནོར་བུ་རྩ་ཆེན་ཡིན་ལ། ལས་དོན་དང་སློབ་སྦྱོང་གི་གོ་རིམ་ཁྲོད་ལས་བྱེད་རྒན་པ་རྣམས་ཀྱི་ཀུན་སྤྱོད་བཟང་བོ་དར་སྤེལ་སྒོས། ལས་བྱེད་རྒན་པའི་སྐྱེས་འབུལ་སྙིང་སྟོབས་རྒྱུད་འཛིན་བྱེད་དགོས་པར་བསྟན།



        ལིའུ་ཧྥེས་ལས་བྱེད་རྒན་པ་རྣམས་ཀྱིས་ཕུང་བོའི་བདེ་ཐང་གཙིགས་སུ་བཟུང་སྟེ། སྔར་བཞིན་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ། མུ་མཐུད་དུ་ནུས་ཤུགས་འདོན་ཞིང་མི་སེར་གྱི་སེམས་གཏམ་བརྒྱུད་སྒྲོག་སྒོས། རྫོང་ཨུ་དང་རྫོང་སྲིད་གཞུང་ལ་ཐབས་འདོན་ཇུས་འབུལ་གང་མང་བྱས་ཏེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་མཛོད་དགེ་རྫོང་འཛུགས་སྐྲུན་དེ་བས་ལེགས་པོར་གནང་བར་རེ་བ་བཏོན།

        ལིའུ་ཧྥེས་བླང་བྱ་བཏོན་དོན། འབྲེལ་ཡོད་སྡེ་ཁག་སོ་སོས་ལས་བྱེད་རྒན་པའི་ཞབས་ཞུ་འགན་ལེན་ལས་དོན་ལེགས་སྒྲུབ་སྒོས། ལས་བྱེད་རྒན་པར་ཆབ་སྲིད་ཐད་ནས་ཐུགས་ཁུར་དང་བསམ་བློའི་ཐད་ནས་འབྲེལ་འདྲིས། འཚོ་བའི་ཐད་ནས་ལྟ་སྐྱོང་། སེམས་ཀྱི་ཐད་ནས་ཐུགས་ཁུར་བཅས་གང་ལེགས་གནང་སྟེ། ཁོང་ཚོས་ནུས་ཤུགས་ལྷག་མ་ལེགས་པར་འདོན་ཞིང་། ཚེ་སྨད་བདེ་སྐྱིད་ཡོང་བར་ཆ་རྐྱེན་དེ་བས་བཟང་བོར་བསྐྲུན་དགོས་པར་བཏོན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1