《ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པའི་ཆོག་མཆན་སྤྲོད་པའི་དབང་ཚད་དང་གོ་རིམ་གཏན་འབེབས》བཀྲམ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-19


ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པའི་ཆོག་མཆན་སྤྲོད་པའི་དབང་ཚད་དང་གོ་རིམ་གཏན་འབེབས》བཀྲམ་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གིས་སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པའི་ཆོག་མཆན་སྤྲོད་པའི་དབང་ཚད་དང་གོ་རིམ་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ་བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ལག་བསྟར་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

        བརྡ་ཐོའི་ནང་བསྟན་དོན། 《གཏན་འབེབས》ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་ཏང་གི་སྒྲིག་ཡིག་རྩ་བའི་གཞི་འཛིན་སར་བྱས་ཏེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ལག་ལེན་གསར་གཏོད་དང་ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཕྱོགས་སྡོམ་དང་བསྡུ་ལེན་བྱས་ནས། ཏང་གི་རིམ་པ་ཁག་དང་རིགས་ཁག་གི་རྩ་འཛུགས་ཀྱིས་སྒྲིག་འགལ་ཏང་ཡོན་ལ་ཆད་པ་གཅོད་པའི་ཆོག་མཆན་སྤྲོད་པའི་དབང་ཚད་དང་གོ་རིམ་ཐད་ལ་བརྒྱུད་རིམ་ཚད་ལྡན་དང་གཏན་འབེབས་ཁ་གསལ་བྱས་ཡོད་པས། རང་རེའི་ཏང་གིས་རང་ཉིད་གསར་བརྗེ་བྱེད་ཕོད་པའི་གཤིས་རྒྱུད་མངོན་གསལ་དོད་པོ་གང་ལེགས་མཚོན་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་དང་མཛད་ཕྱོགས་ལག་བསྟར་གཏིང་ཟབ་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།

        བརྡ་ཐོའི་ནང་བླང་བྱ་བཏོན་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་དང་རྩ་བའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཏུ་བརྩིས་ནས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ་ཏང་གི་བྱ་གཞག་དང་། ཏང་ཡོན། ལས་བྱེད་པ་བཅས་ལ་ཚད་མཐོའི་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་ཏང་གི་སྒྲིག་ཁྲིམས་བརྩི་སྲུང་དང་། སྲུང་སྐྱོང་། ལག་བསྟར་བཅས་བྱེད་དགོས། 《གཏན་འབེབས》སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ།《གཏན་འབེབས》དེ་ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ནང་དོན་ནང་བཅུག་ནས《གཏན་འབེབས》ལག་བསྟར་ནན་པོ་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས། རིམ་ཁག་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱིས་ཏང་གི་སྒྲིག་ཡིག་དང《གཏན་འབེབས》ནང་ཁ་གསལ་བཏོན་པའི་ལས་འགན་དང་འགན་འཁྲི་ནན་ཏན་ངང་བསྒྲུབས་ཏེ། 《གཏན་འབེབས》ལ་ནན་པོར་གཞིགས་ནས་སྒྲིག་ཁྲིམས་ཀྱི་ཆད་གཅོད་དབང་ཆ་སྤྱོད་དགོས། ཏང་གི་སྒྲིག་ཁྲིམས་ཆད་གཅོད་ཀྱི་ཆོག་མཆན་སྤྲོད་པའི་དབང་ཚད་དང་ལས་བྱེད་པའི་མི་དོན་དོ་དམ་གྱི་དབང་ཚད་སྤྱིའི་ཆ་ནས་དོ་མཉམ་པའི་རྩ་དོན་ལྟར། ལྟ་ཞིབ་ལས་ཁུངས་ཀྱིས་སྲིད་དོན་ཆད་གཅོད་ལ་ཆོག་མཆན་སྤྲོད་པའི་དབང་ཚད་དང་གོ་རིམ་འཐུས་སྒོ་ཚང་དུ་བཏང་སྟེ། སྒྲིག་སྐྱོང་དང་ཁྲིམས་བསྟར་འབྲེལ་མཐུད་ཡོང་བར་འགན་ལེན་ཏན་ཏིག་བྱས་ནས། འགན་སྲུང་ལག་བསྟར་ལ་ལྟ་སྐུལ་དང་འཐུས་ཚང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས《གཏན་འབེབས》ལག་བསྟར་བྱེད་རིང་གི་གནས་ཚུལ་དང་གྲོས་འགོ་གལ་ཆེན་དུས་ཐོག་ཏུ་ཏང་ཀྲུང་དབྱང་ལ་སྙན་སེང་ཞུ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1