རྔ་བ་ཁུལ་གྱིས་དཔྱིད་གསར་དུས་ཆེན་ལ་གྲ་སྒྲིག་བྱེད་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 01-20


       

         སྟག་མོ་ཁེར་བགྲོད་ཆས་ཟིན་པའི་དེ་རིང་། ཆུ་མོ་ཡོས་བུ་སླེབས་ཟིན་པའི་དེ་རིང་སྟེ། 2023ལོའི་དཔྱིད་གསར་དུས་ཆེན་ཚེས་ལ་ཉེ་བའི་སྐབས་འདིར། བོད་མདོ་དབུས་ཁམས་གསུམ་ལས་ཁམས་ཕྱོགས་སུ་གཏོགས་པའི་སི་ཁྲོན་ཞིང་ཆེན་བོད་འབྲེལ་ས་ཁུལ་ཁག་ཏུ་སྟོང་ལོ་གསར་པ་བསུ་བའི་རྣམ་པ་འཁྲུག་ཆ་དོད་པོ་འདུག །

        དེ་ཡང་། རྒན་པ་ཚེ་ཐག་རིང་བའི་རྟེན་འབྲེལ་དང་། གཞོན་པའི་ལང་ཚོ་དར་བའི་ཁ་གཡང་གཉིས། བྱིས་པ་གཉོམ་ལག་རྒྱས་པའི་རེ་ལྟོས་ཀྱིས་ཁེངས་ཡོད་ལ། གཞུང་ལམ་འགྲམ་གྱི་སྡོང་པོའི་ཐོག་ཏུ་དམར་མདངས་འཚེར་བའི་མཛེས་རྒྱན་དང་། ཁྲོམ་ལམ་ཁག་ཏུ་ཀ་ར་མངར་གསུམ་དང་ཤ་མར་ཐུད་གསུམ་སོགས་བཟའ་བཅའི་རིགས་གང་མང་སྤུངས་ནས་ཡོད་ལ། རྒྱན་གོས་ཚོང་ཁང་ཁག་ཏུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་ཕུན་སུམ་ཚོགས་ཤིང་། ངོ་གདོང་འཛུམ་གྱིས་ཁེངས་པའི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱན་གོས་གསར་པ་དང་བཟའ་བཅའི་རིགས་ཀྱི་ལོངས་སྤྱོད་གྱ་ནོམ་པ་ཁུག་མ་དང་དོ་པོ་བྱེད་ཉོ་ནས་ལུགས་རྙིང་ལོ་སར་རམ་དཔྱིད་གསར་དུས་ཆེན་ལ་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད།

        ལྷག་པར་དུ་རྔ་བ་ཁུལ་གྱི་བོད་འབྲེལ་རྫོང་ཁག་སོ་སོའི་མི་དམངས་ཀྱིས་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཁྱད་ཆོས་ལྡན་པའི་དཔྱིད་གསར་དུས་ཆེན་སྤྲོ་སྐྱིད་ལྡན་པ་ཞིག་རོལ་རྒྱུ་ལ་བྲེལ་བཞིན་མཆིས་སོ། །

བཙན་ལྷ་རྫོང་།





ལི་རྫོང་།

གཟི་ཚ་སྡེ་དགུ་རྫོང་།

ཧུང་ཡོན་རྫོང་།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1