པང་གདན་བཏགས་ནས་བདེ་སྐྱིད་འཚོ་བ་གཏོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 01-20


འདི་ནི་མཉམ་ལས་ཁང་གི་ལས་མིས་པང་གདན་འཐག་བཞིན་པ།

        རིན་སྤུངས་རྫོང་ཁང་གཞུང་ཤང་གཡག་ཐེར་འཁལ་འཐག་ལག་རྩལ་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། 2013ལོར་རིན་སྤུངས་རྫོང་ཁང་གཞུང་ཤང་གིས་གཡག་ཐེར་བལ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་ས་གནས་དེ་གའི་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ། ས་གནས་དེ་གའི་ཞིང་པ་དང་ལས་སྒུག་གཞོན་ནུ་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ་དང་། ལྷག་པར་དུ་དཀའ་ངལ་ཡོད་པའི་བུད་མེད་དང་བུད་མེད་དབང་པོ་སྐྱོན་ཅན་ས་ཆ་དེ་རང་དུ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པས་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1