༄༅།། “གདགས་གཤིས”སུ་གྱུར་མྱོང་ན། དུས་ཆེན་ལ་ཕ་ཡུལ་དུ་ལོག་རྗེས་ཁ་ཐུམ་མ་བརྒྱབ་ན་ཆོག་གམ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 01-20



        དཔྱིད་གསར་སྐྱེལ་འདྲེན་སྐབས། ཕ་ཡུལ་དུ་ལོག་མཁན་ཚོས་གྲ་སྒྲིག་གང་དག་བྱ་དགོས་པ་དང་། ཕ་ཡུལ་དུ་འབྱོར་རྗེས། ཡུལ་མི་གཉེན་ཉེ་ལ་འཚམ་འདྲི་དང་འདུ་འཛོམས་བྱེད་སྐབས། འགོག་སྲུང་ཇི་ལྟར་བྱ་དགོས་སམ་ཞེ་ན།

        གཅིག “གདགས་གཤིས”སུ་གྱུར་མྱོང་རྗེས། ཁ་ཐུམ་མ་བརྒྱབ་ན་ཆོག་གམ།

        མིག་སྔར། སྤྱི་ཚོགས་ངོས་ཀྱི་ནད་དུག་འགོ་ཁུངས་མི་གསལ་བས། ད་དུང་ནད་དུག་འགོས་མྱོང་མེད་པའི་མི་ཚོས་སྔར་ལས་ལྷག་པའི་སྒོ་ནས་འགོག་སྲུང་བྱ་དགོས་པ་སྟེ། དཔེར་ན་ཚོང་ར་དང་སྨན་ཁང་སོགས་འགྲོ་འོང་བྱེད་པའི་མི་མང་བའི་གནས་དང་། གནམ་གྲུ་དང་མེ་འཁོར་སོགས་དམ་སྦྱར་བར་སྟོང་གི་འགྲིམ་འགྲུལ་ཡོ་བྱད་ཀྱི་ནང་དུ། ཁ་ཐུམ་ཡང་དག་ངང་རྒྱག་པ་རྒྱུན་འཁྱོངས་བྱ་དགོས།

        པྲོག་གསར་ནད་དུག་འགོས་རྗེས། རིམས་འགོག་ནུས་པ་རྒྱུན་ལྡན་ཡིན་པའི་མི་ཚོགས་ཀྱི་ལུས་སུ་འགོག་ཤུགས་ངེས་ཅན་ཞིག་ཐོན་པས། དུས་ཚོད་ཐུང་ངུའི་ནང་ལ་ཨོ་སྨི་ཁི་རོན་གཞན་འགྱུར་དུག་རྐང་ཡང་བསྐྱར་འགོ་ཤས་ཅུང་ཆུང་བ་ཡིན། འོན་ཀྱང་། དགུན་དཔྱིད་ཀྱི་དུས་ནི་ཆམ་རིམས་སོགས་དབུགས་ལམ་འགོ་ནད་ཀྱི་རིགས་འབྱུང་རྒྱུ་མང་བའི་དུས་ཤིག་ཡིན་སྟབས། “གདགས་གཤིས”སུ་གྱུར་རྗེས། ནད་རིགས་གཞན་པ་འགོ་བ་ལ་སྔར་བཞིན་འགོག་ཟོན་བྱ་དགོས།

        གཞན་ད་དུང་། པྲོག་གསར་ནད་དུག་འགོས་རྗེས་ཀྱི་དུས་ཚོད་ངེས་ཅན་ཞིག་གི་ནང་དུ། འགོག་གཟུགས་ཀྱི་ནུས་པ་ཇེ་ཞན་དུ་འགྲོ་བས། རིམས་འགོག་ནུས་པར་གཡོལ་ཐུབ་པའི་དུག་རྐང་ལ་འཕྲད་ན། དྲག་སྐྱེད་བྱུང་བའི་མི་ཁ་ཤས་མ་གཏོགས། རིམས་འགོག་ནུས་པ་ཞན་པའི་མི་ལ་ཡང་བསྐྱར་ནད་དུག་འགོ་སྲིད་པ་ཡིན།

        གཉིས། ཕ་ཡུལ་དུ་ལོག་པའི་སྔོན་ལ། གྲ་སྒྲིག་གང་དག་བྱ་དགོས་སམ།

        ཁ་ཐུམ་དང་དུག་སེལ་ཤོག་བུ། གདོད་འགོག་བརྟག་ཆས། རྒྱུན་སྤྱོད་སྨན་རྫས་སོགས་གྲ་སྒྲིག་བྱ་དགོས་ཤིང་། ལོ་ལོན་དང་བྱིས་པ། དལ་གཤིས་ནད་རིགས་ཕོག་པའི་ནད་པ། སྦྲུམ་མ་སོགས་གཙོ་གནད་མི་ཚོགས་ཡིན་ན། ཐག་རིང་དུ་འགྲོ་མི་རུང་བ་དང་། ཕ་ཡུལ་དུ་ལོག་པའི་ལམ་ཐིག་ལ་སྔ་མོ་ནས་བཀོད་སྒྲིག་བྱེད་པ་དང་དུས་ཐོག་ཏུ་འགྲོ་ཡུལ་གྱི་རིམས་བབ་གནས་ཚུལ་དང་རིམས་བབ་འགོག་སྡོམ་གྱི་སྲིད་ཇུས་ལ་རྒྱུས་ལོན་བྱ་དགོས་པར་མ་ཟད། ད་དུང་འགྲིམ་འགྲུལ་སྡེ་ཁག་གི་བགྲོད་སྐྱོད་གསལ་སྟོན་ལའང་དོ་ཁུར་བྱ་དགོས། སྤ་སེ་སོགས་ཉོ་དུས། དྲ་ཐོག་ནས་ཉོ་བ་ལས་མེ་འཁོར་འབབ་ཚུགས་སོགས་སུ་སོང་ནས་ཉོ་བ་ལ་གཡོལ་དགོས།

        གསུམ། ཕ་ཡུལ་ལ་ལོག་པའི་ལམ་བར་དུ་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།

        ཀ སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ནས་འགྲོ་བ་ཡིན་ན། དམ་སྦྱར་ཁོར་ཡུག་དང་མི་ཚོགས་མང་བའི་གནས་ཏེ་དཔེར་ན་གནམ་གྲུ་དང་མེ་འཁོར་སོགས་ལ་སྒུག་ས་ན་ཡོད་པ་དང་། གནམ་གྲུ་དང་མེ་འཁོར། ས་འོག་མེ་འཁོར། སྤྱི་སྤྱོད་རླངས་འཁོར་སོགས་སུ་ཡོད་པའི་སྐབས། ཁ་ཐུམ་བརྒྱབ་ནས་འདུག་པ་ལས་མཚམས་རེ་ལ་ཕུད་པ་སོགས་བྱེད་མི་རུང་། གློ་ལུ་བའམ་ཡང་ན་ཧབ་ཆི་རྒྱག་དུས། ཤོག་བུའམ་ཡང་ན་གྲུ་མོ་ཡིས་ཁ་སྣ་དགབ་དགོས། ཕྱི་རོལ་ན་ཡོད་པའམ་ཡང་ན་སྤྱི་པའི་རླངས་འཁོར་ནང་དུ་ཡོད་སྐབས། ཟ་མ་ཟ་བ་སོགས་ཀྱི་ཐེངས་གྲངས་ནུས་ཚོད་ཀྱིས་ཇེ་ཉུང་ལ་གཏང་དགོས།

        ཁ། སྒེར་གྱི་རླངས་འཁོར་ལ་བསྡད་ནས་འགྲོ་བ་ཡིན་ན། ཁ་ཐུམ་དང་དུག་སེལ་ཤོག་བུ། གདོད་འགོག་བརྟག་ཆས། རྒྱུན་སྤྱོད་སྨན་རྫས་སོགས་གྲ་སྒྲིག་བྱ་དགོས་ཤིང་། ལམ་ཐིག་ལ་འཆར་འགོད་བཟང་བོ་བྱེད་པའི་ཞོར་དུ། ཡུལ་ཕྱོགས་ཀྱི་རིམས་བབ་གནས་ཚུལ་ལ་རྒྱུས་ལོན་བྱ་དགོས། ཞབས་ཕྱི་ཁུལ་དུ་ངལ་གསོ་བྱེད་སྐབས། འདུག་ཡུན་ཇེ་ཐུང་ལ་གཏོང་བ་དང་། ཟ་མ་ཟ་དུས་ལག་པར་དུག་སེལ་བྱེད་པ། གླ་སྡུད་ས་ཚིགས(收费站)ནས་རིན་པ་སྤྲོད་དུས་ཁ་ཐུམ་ཡང་དག་ངང་རྒྱག་པ་བཅས་བྱ་དགོས།

        བཞི། ཕ་ཡུལ་དུ་ཐོན་རྗེས་མཉམ་འཇོག་བྱ་དགོས་པ་གང་དག་ཡོད་དམ།

        ཀ ཁྱིམ་ནས་འགོག་སྲུང་བྱེད་པ་སྟེ། རང་ཡུལ་ལ་ཐོན་རྗེས། རང་ཉིད་ཀྱི་བདེ་ཐང་བརྟག་འཇལ་ལ་ཤུགས་སྣོན་བྱེད་པའི་ཞོར་དུ། ཁྱིམ་མི་ཚོའི་བདེ་འཇགས་གནས་ཚུལ་ལའང་དོ་ཁུར་བྱ་དགོས་པ་དང་། ཡུལ་ལ་ཐོན་མ་ཐག་པའི་སྐབས། ཁྱིམ་གྱི་ལོ་ལོན་ནམ་ཡང་ན་ནད་རྙིང་ཡོད་པའི་མི་དང་ནུས་ཚོད་ཀྱིས་ཐུག་རེག་མེད་པར་བྱ་དགོས།

        ཁ། ཡུལ་མི་གཉེན་ཉེ་ལ་འཚམ་འདྲི་བྱེད་དུ་འགྲོ་སྐབས། མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་པ་སྟེ། ཁ་ཐུམ་ཡང་དག་ངང་རྒྱག་པ་དང་། འདུ་འཛོམས་བྱེད་པ་དང་འདུ་འཛོམས་ཐེངས་གྲངས། འདུ་འཛོམས་ལ་ཞུགས་པའི་མི་གྲངས། འདུ་འཛོམས་བྱེད་ཡུན་སོགས་ཇེ་ཉུང་དང་ཇེ་ཐུང་ལ་གཏང་དགོས་པའི་མི་ཚད། ད་དུང་སྤྱི་སྤྱོད་ཐུར་མ་སོགས་བཀོལ་བ་དང་། འདུ་འཛོམས་ཚར་སོང་ན་དུས་ཐོག་ཏུ་ཁ་ཐུམ་ཡང་དག་ངང་རྒྱག་པ་བཅས་ཀྱང་བྱ་དགོས།

        ག རྒྱུན་པར་ལག་པ་བཀྲུ་བ་དང་དུག་སེལ་བྱེད་པ། འཚོ་བར་གོ་རིམ་ཡོད་པ། གཉིད་འདང་བ། ཆུ་ཁོལ་མང་དུ་འཐུང་བ། སྔོ་ཚོད་དང་སིལ་ཏོག་རིགས་མང་དུ་ཟ་བ། ཁང་བའི་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ། དུས་བཅད་ལྟར་གཙང་སྦྲ་བྱེད་པ། དུས་ཐོག་ཏུ་གད་སྙིགས་གཙང་སེལ་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1