འདམ་གཞུང་གནའ་ཤུལ་གྱི་གནའ་རྫས་རྟོག་ཞིབ་ཁག4ཡི་འཕེལ་རིམ་གསར་ཤོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 01-28


        ཉེ་དུས་སུ་རྒྱལ་ཁབ་རིག་དངོས་ཅུས་ཀྱིས2002ལོར་རང་རྒྱལ་གྱིས"ཀྲུང་གོའི་གནའ་རྫས་རྟོག་ཞིབ"ཀྱི་རྣམ་གྲངས་གལ་ཆེན18མ་ལག་ཚང་བའི་ངང་ལག་བསྟར་བྱས་པའི་འབྲས་བུ་ཡོངས་བསྒྲགས་བྱས་ཤིང་། 2022ལོའི་ཟླ་དང་པོར། རྒྱལ་ཁབ་རིག་དངོས་ཅུས་ཀྱིས"ཀྲུང་གོའི་གནའ་རྫས་རྟོག་ཞིབ"ཀྱི་རྣམ་གྲངས་གལ་ཆེན་གྱི་ལས་དོན་ཚོགས་འདུ་འཚོགས་ནས། བོད་ལྗོངས་ཀྱི་བྱེ་རག་གནའ་ཤུལ་དང་།  མ་བུ་མཚོ་གནའ་ཤུལ།  གད་བུ་སེར་ལུ་གནའ་ཤུལ།  འདམ་གཞུང་དུར་ས་བཅས་བོད་ཀྱི་གནའ་རྫས་རྟོག་ཞིབ་ཁག4ཡི་འཕེལ་རིམ་གསར་ཤོས་ཡོངས་བསྒྲགས་བྱས་པ་རེད།

        རྡོ་བརྡར་ནས་བཟོས་པའི་གྲིའི་རིགས་ཀྱི་ཆེ་ཆུང་ལ་ཧའོ་སྨི་ཁ་ཤས་ནས་ལི་སྨི་ཁ་ཤས་བར་ཡོད་ཅིང་།  གནའ་རྫས་རྟོག་ཞིབ་ཁྲོད་ལོ་ཁྲི་གཅིག་གོང་བྱེ་རག་བ་ཚོས་སྤྱོད་མྱོང་བའི་ཡོ་བྱད་ཤེས་རྟོགས་བྱུང་བ་དེས།  རྡོ་ཆས་དུས་རབས་སུ་ཀྲུང་ཧྭ་བྱང་རྒྱུད་ནས་མཚོ་བོད་མཐོ་སྒང་བར་གྱི་གནའ་སྔ་མོའི་མིའི་རིགས་གནས་སྤོའི་ཐད་ཀྱི་རྙེད་པར་དཀའ་བའི་ལོ་རྒྱུས་དེ་བསྟུན་ཕུན་སུམ་ཚོགས་སུ་འགྲོ་རེ་ཡོད་པ་རེད།  མ་བུ་མཚོའི་གནའ་ཤུལ་ནས་སྔ་རྗེས་སུ་ཉ་རིགས་སོགས་སྲོག་ཆགས་ཀྱི་རུས་པ་དང་།  དེ་བཞིན་སོལ་བ་སོགས་གཅིག་རྗེས་གཉིས་མཐུད་ངང་ཤེས་རྟོགས་བྱུང་བ་དེས་ལོ་ངོ4000ལྷག་ཙམ་གྱི་གོང་མཚོ་བོད་མཐོ་སྒང་ཐོག་མིའི་རིགས་ཀྱི་ཉ་འཛིན་དང་རི་དྭགས་རྔོན་པའི་འཚོ་བའི་རྣམ་པ་དག་རིམ་བཞིན་མངོན་ཡོད།

        ལོ་ངོ3000ལྷག་ཙམ་གྱི་གོང་གི་གད་བུ་སེར་ལུ་གནའ་ཤུལ་ནས་གཡུ་རྩིའི་བྱེ་རིལ200ལྷག་ཙམ་ཐོན་པ་དེ་དག་གི་བཟོ་རྩལ་དང་དེ་བཞིན་འབྱུང་ཁུངས་ཐད་ཞིབ་འཇུག་བྱས་པ་མ་ཟད།  དེ་ལས་ཧྲང་རྒྱལ་རབས་ཀྱི་དུས་འགོར་རང་རྒྱལ་གྱི་བོད་ལྗོངས་ས་ཁུལ་དང་མཐའ་འཁོར་གྱི་ཤེས་དཔལ་དབར་སྤེལ་རེས་མཉམ་འགུལ་བྱེད་ལུགས་ཐོག་མར་གསལ་བཤད་ཀྱང་ཐུབ་ཡོད།  ལྷ་སའི་འདམ་གཞུང་ནས་ཤེས་རྟོགས་བྱུང་བའི་མཐོ་བོད་རྒྱལ་རབས་དུས་སྐབས་ཀྱི་རིམ་པ་མཐོ་བའི་བང་སོ་ནས་རྡོ་དཀར་ནག་གི་མིག་མངས་དང་།  ཐང་རྒྱལ་རབས་ཀྱི་ཉམས་སྣང་ལྡན་པའི"འབག་དམར་པོའི"རྫ་ཆས་སོགས་ཐོན་པ་ལས་བོད་དང་ཐང་རྒྱལ་རབས་དབར་གྱི་རིག་གནས་སྤེལ་རེས་གཏིང་ཟབ་མངོན་ཡོད་ལ།  མི་རིགས་ཁག་དབར་འགྲོ་འོང་དང་།  སྤེལ་རེས།  མཉམ་འདྲེས་བཅས་ཀྱི་དངོས་དཔང་གལ་ཆེན་ཞིག་ཏུའང་གྱུར་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1