ཧུང་ཡོན་རྫོང་གིས་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་ཀྱི་མཁོ་བསྟུན་འཁྲབ་སྦྱོང་བྱེད་སྒོ་ཟབ་རྒྱས་ངང་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 01-28


        ཉེ་ཆར། ཧུང་ཡོན་རྫོང་གིས་མཁོ་བསྟུན་དོ་དམ་ཅུས་དང་ནགས་ཚལ་རྩྭ་ཐང་ཅུས། མེ་ཟོན་རོགས་སྐྱོབ་རུ་ཆེན་བཅས་སྒྲིག་འཛུགས་བྱས་ནས་དགུན་དུས་ཀྱི་ནགས་ཚལ་རྩྭ་ཐང་མེ་འགོག་མེ་གསོད་ཀྱི་མཁོ་བསྟུན་འཁྲབ་སྦྱོང་བྱེད་སྒོ་ཟབ་རྒྱས་ངང་སྤེལ།

        ཐེངས་འདིའི་མཁོ་བསྟུན་འཁྲབ་སྦྱོང་དེ་ཨ་མཆོག་གྲོང་རྡལ་ཧུ་ར་སྨད་མའི་རྩྭ་ཐང་དུ་མེ་སྐྱོན་བྱུང་བ་དང་དུས་མཚུངས་སུ་ཉེན་ཆེའི་རྫས་འགྱུར་དངོས་རྫས་ཅན་གྱི་རླངས་འཁོར་ཞིག་ལ་ཡང་དངོས་རྫས་ཕྱིར་གྱར་བའི་མཁོ་བསྟུན་ཐོལ་བྱུང་དོན་རྐྱེན་བྱུང་བའི་གནས་ཚུལ་འཁྲབ་པ་དང་། གནས་ཚུལ་དེ་ཐོས་རྗེས་ཧུང་ཡོན་རྫོང་གི་འབྲེལ་ཡོད་ཚན་པའི་དཔུང་ཁག་འཕྲལ་མར་ལས་ཡུལ་དངོས་སུ་ཐག་གཅོད་བྱེད་པར་བསྐྱོད་རྒྱུ་རྒྱབ་ལྗོངས་སུ་བྱས་ནས། སྔ་རྗེས་སུ་མེ་སྐྱོན་ཤེས་རྟོགས་བྱུང་བ་དང་སྙན་སེང་ཞུས་པ། ནགས་ཚལ་རྩྭ་ཐང་གི་མེ་གསོད་མཁོ་བསྟུན་སྔོན་ཇུས་ལག་ལེན་བསྟར་བ། མཁོ་བསྟུན་མེ་གསོད་རུ་ཁག་བསྡུ་རུབ་དང་མེ་གསོད་སྒྲིག་ཆས་འགན་ལེན་བྱེད་པ། འགན་འཁྲིའི་ཚན་པ་དང་ཁོངས་གཏོགས་དོ་དམ་ཚན་པ། ཁག་བགོས་དོ་དམ་སྡེ་ཚན་བཅས་ཀྱིས་མཉམ་འགོག་མཉམ་བཅོས་བྱེད་པ་དང་། གནོད་སེལ་མཁོ་བསྟུན་མི་སྣ་གོ་རིམ་ལྡན་པའི་ངང་ཕྱིར་འཐེན་བྱེད་པ་བཅས་ཀྱི་མཁོ་བསྟུན་ཚན་པ་ཁག་ལ་འཁྲབ་སྦྱོང་བྱས།

        ཐེངས་འདིའི་སྦྱོང་བརྡར་དེ་གོ་རིམ་ལྡན་པ་དང་གཟབ་ནན་གྱི་སྒོ་ནས་ལེགས་འགྲུབ་བྱུང་བ་མ་ཟད། དེས་མེ་གསོད་དཔུང་ཁག་གི་དམག་འཐབ་ནུས་པ་སྔར་ལས་ཆེ་རུ་ཕྱིན་པ་དང་། རུ་མི་ཚོས་མེ་ཟོན་ཡོ་བྱད་བེད་སྤྱོད་བྱེད་པའི་ཆུ་ཚད་མཐོ་རུ་ཕྱིན་པ། ལས་གནས་ཁག་གི་མཁོ་བསྟུན་ཐག་གཅོད་ནུས་པ་ཆེ་རུ་ཕྱིན་པ། འཁྲབ་སྦྱོང་ཁྲོད་དུ་ཞུགས་པའི་མི་སྣ་ཚོས་འཁྲབ་སྦྱོང་གི་སྔོན་ཇུས་ཁོང་དུ་ཆུད་པ་དང་མཁོ་བསྟུན་ཐག་གཅོད་བྱེད་གང་ཐུབ་བྱ་བ་དང་། དེ་མིན་ཁོང་ཚོའི་བར་གྱི་མཐུན་སྦྱོར་གཞོགས་འདེགས་བྱེད་ནུས་བཅས་ཀྱི་ནུས་པ་སྔར་བཞིན་ཇེ་ཆེར་བཏངས་སྟེ། རྫོང་ཡོངས་ཀྱི་དགུན་དུས་ཀྱི་མེ་ཟོན་དུས་སྐབས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་ཉེན་ཆེའི་རྫས་འགྱུར་དངོས་རྫས་ལས་ཡུལ་དངོས་སུ་ཐག་གཅོད་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1