ཁྲུང་ཆིང་དུ་བོད་ཀྱི་གནའ་སྐྲུན་སྒྱུ་རྩལ་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། བོད་ལྗོངས་ཉིན་ཚགས། སྤེལ་དུས། 01-30


ཁྲུང་ཆིང་གི་གྲོང་མི་ཚོས་འགྲེམས་སྟོན་ལ་ལྟ་སྐོར་བྱས་ནས་བོད་ཀྱི་གནའ་སྐྲུན་གྱི་ངོ་མཚར་མྱོང་རོལ་བྱེད་བཞིན་པ།

        ཉིན་ཤས་གོང་། རྗེ་འབུམ་སྒང་ལྷ་ཁང་གི་ཨར་སྐྲུན་སྒྱུར་བཀོད་སྒྱུ་རྩལ་འགྲེམས་སྟོན་དེ་ཁྲུང་ཆིང་ཅིའུ་ལུང་དབྱི་ཁུའུ་ཤིན་ལིན་ལི་སྒྱུ་རྩལ་ལྟེ་གནས་སུ་གཉེར་བ་རེད། འགྲེམས་སྟོན་དེ་རྗེ་འབུམ་སྒང་ལྷ་ཁང་སྲུང་སྐྱོང་རང་བཞིན་གྱི་ཉམས་བཟོ་ཁུངས་སྣེར་བྱས་པ་དང་འབྲེལ། ལྷ་ས་ནས་རྗེ་འབུམ་སྒང་ལྷ་ཁང་གི་གནའ་སྐྲུན་ཞིག་གསོའི་ཁྲོད་བརྗེས་པའི་ཆིང་རྒྱལ་རབས་སྐབས་ཀྱི་ཀ་བ་བརྐོས་མ་དང་། ཨར་སྐྲུན་སྒྱུར་བཀོད་ཀྱི་དཔེ་དབྱིབས། སྒྱུར་བཀོད་ལྷུ་ལག་གི་དཔེ་གཞི། སྒྲོན་མེ་སོགས་དབོར་ཏེ་དཔེ་མཚོན་དངོས་ཀྱི་ཐོག་ནས་ལྟད་མོ་བར་བོད་ཀྱི་གནའ་བོའི་སྐྲུན་དངོས་ཀྱི་མཛེས་སྡུག་མངོན་པར་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1