ལོ་སར་སྐབས་ཝུན་ཁྲོན་རྫོང་གི་ལྗོངས་སྐོར་ཁྲོམ་ར་ཇེ་ལེགས་སུ་སོང་།

ནོར་བུ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 01-30


        ལོ་སར་སྐབས་སུ། ཝུན་ཁྲོན་རྫོང་གི་ལྗོངས་སྐོར་ཁྲོམ་ར་མགྱོགས་མྱུར་གྱིས་ལེགས་ཕྱོགས་སུ་འཕེལ་རྒྱས་སོང་བ་དང་ལྗོངས་སྐོར་ཁྲོམ་རའི་སྣང་ཚུལ་བཟང་པོ་ཡང་བསྐྱར་ཕྱི་རུ་མངོན་ཡོད།

        ལྗོངས་སྐོར་ལྟེ་གནས་སོ་སོས་བསྟུད་མར་ལྗོངས་སྐོར་བ་མང་པོ་སྣེ་ལེན་བྱས་པས་རྫོང་ཡོངས་སུ་ཁྱོན་བསྡོམས་ལྗོངས་སྐོར་བ་མི་ཐེངས་ཁྲི་23.57སྣེ་ལེན་བྱས་ཡོད་པ་དང་ལྗོངས་སྐོར་ཡོང་འབབ་སྒོར་ཁྲི་18824.16ལོན་ཡོད། ལོ་སར་སྐབས་སུ་རྫོང་ཡོངས་ཀྱི་རིག་ལྗོངས་ཁྲོམ་ར་བརྟན་བརླིང་གོ་རིམ་ཡོད་པ་དང་ལྗོངས་སྐོར་བདེ་འཇགས་ལ་དོན་རྐྱེན་ཅི་ཡང་བྱུང་མེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1