ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 01-30



ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པ།

《དམག་མིའི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་པའི《དམག་མིའི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་དོ་དམ་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ཏེ་2023ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་ལེན་བསྟར་བ་རེད།

        《གཏན་འབེབས》ནང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་གྱི་དགོངས་པ་ལག་ལེན་བསྟར་བ་དང་། དམག་དོན་སྲིད་ཇུས་དང་ལམ་ལུགས་སྒྱུར་བཅོས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ། དམག་གྲབས་གཡུལ་འགྱེད་ཀྱི་གཙོ་ལས་ལ་དམིགས་པ། དམག་དཔུང་གི་བྱས་རྗེས་དང་མཚན་སྙན་གཟེངས་བསྟོད་ཀྱི་ལམ་ལུགས་མ་ལག་ནང་མཉམ་འདྲེས་བྱེད་པ། ལོ་རྒྱུས་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ཕན་ཚུན་གཅིག་གྱུར་དང་ཁྱད་ཆོས་རྒྱུན་འཛིན་དང་བསྡུ་ལེན་དང་དཔྱད་གཞིར་འཛིན་རྒྱུ་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་ཀྱིས་ནང་དོན་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་གསལ་དོད་པ། སྟོན་ཕྱོགས་ཁ་གསལ་བ། བྱས་རྗེས་མངོན་པ་བཅས་ཀྱི་དམག་མིའི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་དོ་དམ་མ་ལག་ཕྱོགས་ཡོངས་ནས་བཏོད་དེ་དམག་དོན་ལས་རིགས་ཀྱི་ཡིད་དབང་འཕྲོག་ཤུགས་དང་། དམག་མིའི་ལས་འགན་སྒྲུབ་སེམས་དང་གཟི་བརྗིད་བསམ་པ་སྔར་བས་ཆེ་རུ་བཏང་ནས་མཚན་སྙན་ལ་གཅེས་སྤྲས་དང་། དཔའ་བོ་གོང་དུ་བཀུར་བ། གདོང་ལེན་བརྩོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་གཏོད་དགོས་པ་བཏོན་ཡོད།

        《གཏན་འབེབས》འདི་ནི་དམག་མིའི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་དོ་དམ་ལས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བའི་རང་རེའི་དམག་དཔུང་གི་ཁྲིམས་སྲོལ་ཡིག་ཆ་གལ་ཆེན་དང་པོ་དེ་རེད། རྩ་བའི་གཞི་འཛིན་ས་མཐའ་འཁྱོངས་ཀྱིས་བྱས་རྗེས་མཚན་སྙན་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་གཏིང་ཟབ་བསྟར་ནས་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་ལམ་ལུགས་འཛུགས་སྐྱོང་གི་རྩ་བའི་མཛུབ་ཁྲིད་ལ་སྟངས་འཛིན་ནན་པོ་བྱེད་དགོས་པ་དང་། དམག་ཆེད་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་དམག་རྟགས་ཀྱི་ཇུས་འགོད་དང་། འདོགས་པའི་གོ་རིམ། འདོགས་པའི་གྲངས་འབོར་སོགས་ཕྱོགས་ཁག་ཐད་དམག་འཁྲུག་དུས་སྐབས་མངོན་གསལ་དོད་པ་དང་། དམག་རྗེས་འབུར་དུ་ཐོན་པ། ཐེངས་མང་དམག་འཐབ་ལ་ཞུགས་པར་སྣང་ཆེན་བཅས་བྱས་ཏེ། དམག་རྒྱག་པ་དང་། ལས་འགན་གལ་ཆེན་སྒྲུབ་པ། དཀའ་ཚེགས་ཆེ་བའི་ས་ཁུལ་དུ་དམག་ཞབས་ཞུ་བ་སོགས་ཀྱི་དམིགས་བསལ་མྱོང་བ་དང་མཚན་སྙན་གཙོ་གནད་ཐོག་མཚོན་པར་བྱེད་དགོས་པ། མ་ལག་ཇུས་འགོད་མཐའ་འཁྱོངས་བྱས་ནས་རྣམ་གྲངས་འཛུགས་པའི་ཐད་དམག་ཡོངས་ཀྱི་གཅིག་མཐུན་ཁྱད་ཆོས་དང་དམག་དཔུང་མི་འདྲ་བའི་ཁྱད་ཆོས་གཉིས་ཀར་ལྟ་རྟོག་བྱེད་པ་དང་། ནང་དོན་བཀོད་སྒྲིག་ཐད་བྱས་རྗེས་དང་མཚན་སྙན་གཟེངས་བསྟོད་དང་། ལས་གནས་ཀྱི་ལེགས་སྐྱེས། དམག་ཞབས་ཞུ་བའི་ལེགས་སྐྱེས་བཅས་ཚུད་པ། བཟོ་ལྟའི་ཐད་ཚོན་ཁྲ་སྤེལ་སྦྱོར་དང་མཐོང་སྣང་དོད་པོ་ཡོང་བ་བཅས་བྱས་ཏེ་ཁྱོན་ཡོངས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་མངོན་པར་བྱེད་དགོས་པ། དཔོན་དམག་གཅིག་མཐུན་མཐའ་འཁྱོངས་བྱས་ཏེ་དམག་དཔོན་དང་དམག་དཀྱུས་དང་དེ་བཞིན་གོ་གནས་མཐོ་དམན་གང་རུང་ལ་མ་བལྟོས་པར་ཚང་མར་གཟི་བརྗིད་མཚན་སྙན་ཐོབ་པ་དང་དམག་ཞབས་ཞུ་རིང་ལེགས་སྐྱེས་ཕུལ་བར་མཚན་སྙན་གཟེངས་བསྟོད་བྱེད་པ་དང་དམག་རྟགས་འདོགས་པའི་སྟར་པ་དང་གྲངས་འབོར་གཏན་འཁེལ་བྱས་ནས་གཟི་བརྗིད་མཚན་སྙན་མདུན་དུ་དཔོན་དམག་ཚང་མ་འདྲ་མཉམ་ཡིན་པ་གང་ལེགས་མཚོན་པར་བྱེད་དགོས་པ། རྒྱུན་འཛིན་གསར་གཏོད་མཐའ་འཁྱོངས་བྱས་ཏེ་རང་དམག་གི་གཟི་བརྗིད་ལྡན་པའི་ལོ་རྒྱུས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པར་སྣང་ཆེན་གྱིས་རང་དམག་གི་བྱས་རྗེས་ལ་བྱ་དགའ་སྤྲོད་པའི་ལམ་ལུགས་ཀྱི་དགེ་མཚན་ལྡན་པའི་ཉམས་མྱོང་བླངས་ཏེ་རང་དམག་གི་གསར་བརྗེའི་ས་བོན་དང་གཞི་རྒྱུ་འབོར་ཆེན་སྤྱོད་དགོས་ལ། དེ་བས་དུས་བབ་ཀྱི་ལས་འགན་དང་གསར་གཏོད་འཕེལ་རྒྱས་ལ་ཧུར་ཐག་འཚམ་པར་བྱས་ཏེ་དུས་རབས་གསར་པའི་ཁྱད་ཆོས་སྔར་བས་ལྡན་པ་དང་། སྒྲིག་སྲོལ་གསར་པའི་ཁྱད་ཆོས་དང་མཐུན་པ། འགན་འཁྲི་གསར་པའི་བླང་བྱ་མཚོན་པ་བཅས་ཀྱི་དམག་མིའི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་ལམ་ལུགས་འཛུགས་དགོས། 《གཏན་འབེབས》ཁྱབ་བསྒྲགས་དང་ལག་ལེན་བསྟར་བ་དེས་ཚན་རིག་དང་མཐུན་ལ་ལུགས་དང་མཐུན་པའི་བྱས་རྗེས་མཚན་སྙན་གཟེངས་བསྟོད་རྣམ་གྲངས་ཀྱི་དོ་དམ་ལམ་སྲོལ་དང་། འཐུས་སྒོ་ཚང་བའི་གཟེངས་བསྟོད་སྤྲོད་པའི་ལམ་སྲོལ། བདེ་བླག་དང་གོ་རིམ་ལྡན་པའི་མཁོ་སྤྲོད་འགན་ལེན་ལམ་སྲོལ། དབང་གྲགས་ལྡན་ཞིང་ལས་ཕྱོད་ཆེ་བའི་བཀོལ་སྤྱོད་ལྟ་སྐུལ་ལམ་སྲོལ་བཅས་འཛུགས་པ་དང་དམག་དཔུང་གི་བྱས་རྗེས་མཚན་སྙན་གཟེངས་བསྟོད་ཀྱི་དོ་དམ་ལས་དོན་ཚད་ལྡན་དུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1