ས་འདིར་ཆུ་ཚོད་24རིང་མེ་རི་ཐེངས་165འཕྱུར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-31


         ས་གནས་དེ་གའི་དུས་ཚོད་ཟླ་1ཚེས་28ཉིན། མོ་ཞི་ཁོའི་རྒྱལ་ཡོངས་གནོད་འཚེ་སྔོན་འགོག་ལྟེ་གནས(CENAPRED)ལྟ་ཞིབ་ཚོད་འཛིན་སྙན་ཞུ་ལས་མངོན་པར་གཞིགས་ན།འདས་ཟིན་པའི་ཆུ་ཚོད་24ཡི་ནང་། མོ་ཞི་ཁོ་ཡི་པོ་པོ་པོ་ཁ་ཐེ་ཕེ་ཐེ་མེ་རི(Popoocatepetl)ལ་མེ་རི་ཐེངས་165འཕྱུར་བ་དང་འབར་རྫས་གཙོ་བོ་ནི་རླངས་ཆུ་དང་།མེ་རིའི་རླངས་པ།མེ་རིའི་ཐལ་བ་སོགས་རེད།

        མིག་སྔར་པོ་པོ་ཁ་ཐེ་ཕེ་ཐི་མེ་རི་ལ་ཟློས་མཐོ་དང་དྲག་ཚད་དམའ་བར་འཕྱུར་བའི་ཁྱད་ཆོས་མངོན་ཡོད།མོ་ཞི་ཁོའི་དམངས་ཟོན་པུས་ཉེ་འགྲམ་གྱི་གྲོང་མིར་མེ་རིའི་མཐའ་འཁོར་གྱི་ས་ཁུལ་དང་ཉེ་བར་བཅར་མི་རུང་བའི་བླང་བྱ་བཏོན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1