ཧུང་ཡོན་རྫོང་གིས་ལོ་སར་གྱི་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས།

བླ་མ་ཚེ་བརྟན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-01



ལོ་སར་སྐབས་སུ་ཧུང་ཡོན་རྫོང་གིས་བྱེད་ཐབས་སྣ་མང་སྤྱད་དེ་དངོས་ཟོག་མཁོ་སྤྲོད་འགན་ལེན་བྱས།

        ལོ་སར་སྐབས་སུ། ཧུང་ཡོན་རྫོང་གི་ཚོང་ཁང་སོ་སོས་ཐབས་ལམ་བཟང་བོ་འདོན་སྤེལ་གང་ལེགས་བྱས་ཏེ། དངོས་ཟོག་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་པ་དང་དངོས་ཟོག་ཉོ་སྒྲུབ་ཀྱི་ཁོར་ཡུག་ལེགས་སུ་བཏང་བ། རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་དོགས་ཟོན་གྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ལོ་སར་སྐབས་སུ་ཞིང་འབྲོག་འཚོ་བའི་ཉེར་མཁོའི་དངོས་ཟོག་འདོན་སྤྲོད་གང་ལེགས་བྱས།

        གཅིག དངོས་ཟོག་མཁོ་སྤྲོད་འགན་སྲུང་ཧུར་ཐག་བྱས། རྫོང་ཡོངས་ཀྱི་གཞི་རིམ་ཚོང་ཁང་11གིས་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱེད་པར་མཛུབ་ཁྲིད་བྱས་ནས་འཚོ་བའི་དངོས་ཟོག་སྡེབ་སྐྱེལ་འཚོལ་ཞིབ་བྱས་ཡོད་ལ། གཞི་རིམ་ཚོང་ཁང་སོ་སོས་དུས་ཆེན་གྱི་འཛད་སྤྱོད་ཁྱད་ཆོས་དང་འཚམ་པའི་ཚོང་ཟོག་ཡོང་ཁུངས་སྔོན་ཚུད་ནས་ཇུས་འགོད་དང་ཉོ་སྒྲུབ་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་མང་ཚོགས་ཀྱི་དུས་ཆེན་གཏོང་བའི་དགོས་མཁོ་བསྐང་བར་མ་ཟད། ཐོལ་བྱུང་དོན་རྐྱེན་དང་ཁྲོམ་རའི་རྒྱུན་ལྡན་མིན་པའི་འཕར་ཆག་ལ་དུས་ཐོག་ཏུ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ཏེ། མིག་སྔའི་བར་རྫོང་ཡོངས་ཀྱི་གཞི་རིམ་ཚོང་ཁང་སོ་སོས་འཚོ་བའི་དངོས་ཟོག་སོགས་ཁྱོན་སྒོར་ས་ཡ་3ཙམ་གྱི་རིན་ཉོ་འདྲེན་བྱས་ཡོད།

        གཉིས། དངོས་ཟོག་གི་རིན་གོང་མཐའ་གཅིག་ཏུ་བརྟན་པོ་ཡོང་བར་བྱས། གཞི་རིམ་ཚོང་ཁང་སོ་སོས་རིན་གོང་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབས་བརྩི་སྲུང་ནན་པོ་བྱེད་པར་སྐུལ་འདེད་བཏང་ནས་རིན་གོང་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་གཏན་འགོག་མཐའ་གཅིག་ཏུ་བྱས་པ་དང་། ཚོང་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས“དངོས་ཟོག་གསོག་ཉར་དང་ཟོག་གོང་ཧམ་སྤར”སོགས་ཀྱི་གནད་དོན་ཞིབ་བཤེར་ལེགས་པོ་བྱས་ཏེ་་སྤྱི་ཚོགས་སྟེང་ཚོང་ཁང་གི་སྣང་བརྙན་བཟང་པོ་བསྐྲུན་ཡོད་པར་མ་ཟད། མིག་སྔར་ཧུང་ཡོན་རྫོང་གི་ཚོང་ཁང་སོ་སོར་མཁོ་སྤྲོད་ཚོང་ཟོག་གི་རིན་གོང་བརྟན་པོ་ཡོད་པ་དང་དངོས་ཟོག་གྲ་སྒྲིག་འདང་ངེས་ཡོད།

        གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་དུ་མཐོང་ཆེན་བྱས། རྫོང་ཡོངས་ཀྱི་ཚོང་ཁང་སོ་སོས་ཕྱོགས་ཡོངས་ནས་དངོས་ཟོག་མཁོ་སྤྲོད་ཡག་པོ་བྱེད་པ་དང་ཆབས་ཅིག་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱུད་སྐུད་དམ་པོར་བཟུང་ནས། གཞི་རིམ་ཚོང་ཁང་སོ་སོའི་ལས་བཟོ་བའི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་མི་སྒེར་གྱི་འགོག་སྲུང་དོན་འཁྱོལ་ནན་པོ་བྱས་པ་དང་དུས་ལྟར་རླུང་རྒྱུ་དུག་སེལ་བྱེད་པ། རིམས་ནད་མཆེད་ཉེན་ཆུང་དུ་གཏོང་བ་བཅས་བྱས་ནས་ཁྱབ་རྒྱ་ཆེ་བའི་ངང་ཏོག་གསར་གློ་ཚད་རིམས་ནད་ཕྱིར་མཆེད་བྱེད་པར་འགོག་སྲུང་ལེགས་པོ་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1