༄༅།། བཟའ་བཏུང་ལུགས་མཐུན་གྱིས་སྤྱད་ན་ཡི་མུག་ནད་འགོག་ཐུབ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 02-03



        ཡི་མུག་ནད་ཅེས་པ་ནི་སེམས་ཁམས་མི་བདེ་བ་དང་ཡིད་ཆད་པ། སྒྱིད་ལུག་པ་དང་སེམས་སྡུག་པ།སྐད་ཆ་བཤད་མི་འདོད་པ་དང་འགུལ་སྐྱོད་བྱེད་མི་འདོད་པ། རིག་ལམ་མི་གསལ་བ། ཡི་ག་ཆད་པ། ལུས་རིད་པ་སོགས་ཀྱི་ནད་རྟགས་འབྱུང་བའི་སེམས་ནད་ཀྱི་རིགས་ཤིག་ཡིན་ལ། བཟའ་བཏུང་ལུགས་མཐུན་གྱིས་སྤྱད་ན་ཡི་མུག་ནད་སྔོན་འགོག་བྱེད་ཐུབ།

        ཡི་མུག་ནད་པས་བཟའ་བཏུང་ལེགས་སྒྲིག་བྱེད་པའི་ཐད་ལ་མཉམ་འཇོག་ལེགས་པོ་བྱེད་དགོས།སྣུམ་ཚྭ་ཉུང་བའི་ཟས་རིགས་ཟ་བ་དང་། ཟས་སྣ་མང་པོ་བསྟེན་པ། འཇུ་སླ་བའི་ཟས་རིགས་བསྟེན་པ་བཅས་བྱེད་དགོས། འཚོ་བཅུད་སྐོར་གྱི་ཆེད་ལས་མི་སྣས་བཤད་པ་ལྟར་ན། ཉ་ཚིལ་དང་ངང་ལག པའོ་ཚལ། ཁམ་བུ། སྒོག་པ། ནན་ཀྭ། འོ་མ་དང་བྱ་ཤ་སོགས་ཀྱིས་མི་སེམས་ལ་སྤྲོ་སྣང་སྦྱིན་ཐུབ་པས་རྒྱུན་དུ་ཟོས་ན་འགྲིག

        བརྟག་དཔྱད་ལས་ཤེས་པ་ལྟར་ན། དྭངས་ཁྲག་མཁྲིས་རྒྱུ་གཤེར་རྩི་རྒྱུན་ལྡན་ལས་དམའ་བའི་མི་ལ་ཡི་མུག་ནད་འབྱུང་བའི་ཉེན་ཁ་བལྟོས་བཅས་ཀྱིས་མཐོ་ལ། ལོ་ན་ཅི་ཙམ་ཇེ་མཐོར་སོང་ན་ཉེན་ཁ་དེ་ཙམ་ཇེ་མཐོར་འགྲོ་བཞིན་ཡོད། མཁྲིས་རྒྱུ་གཤེར་རྩི་ནི་ཤ་དང་འོ་མ་སྒོ་ང་སོགས་ལས་ཐོན་པ་ཡིན་པས། གལ་ཏེ་མིས་དེ་རིགས་མ་ཟོས་ན།དྭངས་ཁྲག་མཁྲིས་རྒྱུ་གཤེར་རྩིའི་གར་ཚད་ཇེ་དམའ་རུ་འགྲོ་བ་རེད། སྲོག་ཆགས་ཀྱི་ཤ་དང་འོ་མ། སྒོ་ང་སོགས་ཀྱི་ནང་དུ་མཁྲིས་རྒྱུ་གཤེར་རྩི་མང་པོ་འདུས་པས། ལོ70ཡན་གྱི་རྒན་པ་རྣམས་ཀྱིས་ཁྲག་ཤེད་མི་མཐོ་བ་དང་པྲོག་དབྱིབས་སྙིང་ནད་མེད་པའི་གནས་ཚུལ་འོག སྲོག་ཆགས་ལས་བྱུང་བའི་ཟས་རིགས་མང་དུ་བཟའ་དགོས།

        རྒན་པ་རྣམས་ཀྱི་འཇུ་ནུས་ཞན་པ་དང་། སོ་ཡི་བལྡད་ནུས་ཞན་པའི་དབང་གིས་ཤའི་རིགས་ཟ་མི་ཐུབ་ན། འོ་མ་དང་སྒོ་ངའི་རིགས་མང་དུ་བསྟེན་དགོས། ཉིན་རེར་འོ་མ་ཕོར་བ་གཅིག་ནས་གཉིས་དང་སྒོ་ང་གཅིག་ནས་གཉིས་ཟོས་ན།དྭངས་ཁྲག་མཁྲིས་རྒྱུ་གཤེར་རྩི་ཡི་ཚད་ལོངས་པ་དང་རྒན་པའི་ཡི་མུག་ནད་ཀྱི་འབྱུང་ཚད་ཇེ་དམའ་རུ་གཏོང་ཐུབ།

དེ་བས་རྒན་པ་རྣམས་ཀྱིས་ཤ་དང་སྔོ་ཚོད་མཉམ་བཟའ་བྱས་ཏེ། བཟའ་བཏུང་ལུགས་མཐུན་གྱིས་སྤྱད་ན།རྒན་པའི་ཡི་མུག་ནད་ཀྱི་འབྱུང་ཚད་ཇེ་དམའ་རུ་འགྲོ་བར་མ་ཟད། ཚེ་མཇུག་གི་འཚོ་བ་སྐྱིད་པོ་ཡོང་བར་ཕན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1