སི་ཁྲོན་ཐེ་བོའི་ཤྭ་ཁྲའི་གྲངས་སྔར་བས་ཇེ་མང་དུ་ཕྱིན་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་སྒྲ། སྤེལ་དུས། 02-07


        ཉེ་བའི་ལོ་ཤས་རིང་ནས་བཟུང་། མཛོད་དགེ་རྫོང་གིས་མུ་མཐུད་དུ་ཞིང་་སྐྱུར་ནགས་འཛུགས་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ལས་གཞི་ལག་ཏུ་བསྟར་བས། སི་ཁྲོན་ཐེ་བོའི་ཤྭ་ཁྲའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྔར་བས་ཇེ་ལེགས་སུ་ཕྱིན་པ་དང་། རྫོང་ཁོངས་ཀྱི་ཤྭ་ཁྲའི་གྲངས་ཀ་ཇེ་མང་དུ་ཕྱིན་ཡོད།

        2021ལོའི་ཟླ་12པ་ནས་2022ལོའི་ཟླ་12པར། མཛོད་དགེ་རྫོང་གིས་སི་ཁྲོན་ཐེ་བོའི་ཤྭ་ཁྲར་ཆེད་དམིགས་ཞིབ་བཤེར་ལས་དོན་ལ་རྩ་འཛུགས་བྱས་ཏེ། སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་གི་སི་ཁྲོན་ཐེ་བོའི་ཤྭ་ཁྲའི་རིགས་རྒྱུད་ཆེད་དམིགས་ཞིབ་བཤེར་སྙན་ཞུ་གྲུབ་པ་དང་། མཛོད་དགེ་རྫོང་གིས་སི་ཁྲོན་ཐེ་བོའི་ཤྭ་ཁྲའི་གྲངས་ཀ་1975ལོའི་ཟླ་8པར་སི་ཁྲོན་ཞིང་ཆེན་སྲོག་ཆགས་དཀོན་པོའི་ཐོན་ཁུངས་ཞིབ་བཤེར་རུ་ཁག་གིས་ཞིབ་བཤེར་གྱི་གྲངས་ཀ་260ཡས་མས་ཡིན་ལ། 2016ལོར་ཧྭ་ཞི་དགེ་ཐོན་སློབ་ཆེན་གྱིས་ཞིབ་བཤེར་བྱས་པའི་གྲངས་ཀ་ནི་1050ཡས་མས་ལས། 2022ལོར1805རུ་འཕར་ཡོད།

        2022ལོར། མཛོད་དགེ་རྫོང་གིས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་ལས་གཞི་ལག་ཏུ་བསྟར་བས། ལྗང་གསབ་ནགས་འཛུགས་མུའུ་18000བྱས་པ་དང་། ཉམས་ཞན་སླར་གསོའི་སྡོང་འཛུགས་མུའུ་36000དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་སྡོད་གནས་སྲུང་སྐྱོང་སོགས་ཀྱི་ལས་ཀ་གྲུབ་པས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གནས་སའི་ཁོར་ཡུག་ཐོན་ཁུངས་ལ་སྲུང་སྐྱོང་བྱས་པ་མ་ཟད། སྐྱེ་ཁམས་མ་ལག་གི་གཟན་འཁོར་སྲུང་སྐྱོང་བྱས་པས། རི་སྐྱེས་སྲོག་ཆགས་ཀྱི་འཚོ་སྡོད་དང་། རྒྱུད་སྤེལ། སྲུང་སྐྱོང་བཅས་མལ་ནུས་པ་ལེགས་པོ་ཐོན་ཡོད།

        སི་ཁྲོན་ཐེ་བོའི་ཤྭ་ཁྲའི་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནི་མཛོད་དགེ་རྫོང་གི་བྱང་ཤར་རྒྱུད་ཀྱི་གདོང་སྣེ་དང་། ཚོང་རུ། གཟའ་རུའི་ཁོངས་སུ་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་27408ཡོད་པ་དང་། སྲུང་སྐྱོང་ཁུལ་དེ་ནི་སི་ཁྲོན་གྱི་ཤྭ་ཁྲ་སོགས་རི་སྐྱེས་སྲོག་ཆགས་དང་དེའི་སྡོད་གནས་ཁོར་ཡུག་སྲུང་སྐྱོང་གཙོར་བཟུང་བའི་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1