སི་ཁྲོན་གྱིས་ཐོན་ལས་གསར་པ་དང་སྒུལ་ནུས་གསར་པ་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་བཞིན་ཡོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 02-07



        ལོ་གསར་པར་བཀོད་སྒྲིག་གསར་པ་བྱེད་པ་སྟེ་སི་ཁྲོན་གྱིས་གསར་སྐྲུན་གྱི་སྐུལ་འདེད་འཐབ་ཇུས་ལག་བསྟར་བྱེད་པ་དང་། ཁྱད་ལྡན་བཟང་ཆའི་ཐོན་ལས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་ནས། སྤུས་མཐོའི་གོང་འཕེལ་ལ་སྒུལ་ནུས་གསར་པ་བསྣན་ཡོད།

        དཔྱིད་གསར་དུས་ཆེན་བཏང་ཚར་ཙམ་ལ། ཁྲེན་ཏུའི་ལུང་ཐན་བཟོ་ལས་གླིང་ཁུལ་དུ་ཚན་རྩལ་ཚགས་ཞིབ་ཁེ་ལས་གཉིས་གསར་དུ་སླེབས་ཡོད་པ་དང་། གཙོ་བོ་བཟོ་ལས་འཕྲུལ་མིའི་རིག་ནུས་མཐའ་སྣེ་སོགས་གཙོ་བོར་བཟུང་ནས་ཞིབ་འཇུག་བྱེད་མཁན་ཡིན་པ་རེད། དེ་དང་ཆབས་ཅིག་ཏུ་འབྲེལ་ཡོད་ཀྱི་ཆ་སྦྱོར་སྒྲིག་ཆས་ཁེ་ལས་ཀྱང་འཛུགས་རྒྱུ་མགྱོགས་སུ་བཏང་ཡོད། ནུབ་རྒྱུད་ཀྱི་སྔོན་ཐོན་བཟོ་ལས་འཕྲུལ་མིའི་གླིང་ཁུལ་ཡིན་པའི་ངོས་ནས་མིག་སྔར་གླིང་ཁུལ་དེར་ཞིབ་བཟོ་དང་། ཐོན་སྐྱེད། ཁྲོམ་ར་བཅས་པའི་འབྲེལ་ཡོད་ཁེ་ལས་༢༦༠༠ལྷག་གཅིག་ཏུ་འཛོམས་ཡོད་པ་རེད།

        འཕྲུལ་མིའི་ཐོན་སྐྱེད་ནི་སི་ཁྲོན་གྱིས་གསར་སྐྲུན་གྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ལྟ་བུ་ཡིན་པ་རེད། ད་ལོ་སི་ཁྲོན་གྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་མ་ལག་བཀོད་སྒྲིག་བྱ་རྒྱུ་མུ་མཐུད་ནས་མགྱོགས་སུ་བཏང་བ་དང་། ཁྲེན་ཏུའུ་དང་ཙེ་ཀུང་ལ་རྒྱལ་ཁབ་རིམ་པའི་འཐབ་ཇུས་རང་བཞིན་གསར་དར་ཐོན་ལས་ཁྱུ་ཚོགས་གསུམ་འཛུགས་སྐྲུན་བྱས་ཡོད་པ་དང་། ཕན་ཀྲེ་ཧྭ་དང་མན་ཡང་ཏེ་ཡང་སོགས་གྲོང་ཁྱེར་༩ལ་ཞིང་ཆེན་རིམ་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱུ་ཚོགས་༢༣བཀོད་སྒྲིག་དང་འཛུགས་སྐྲུན་བྱས་ཡོད། དེ་དང་ཆབས་ཅིག་ཏུ་སྲིད་གཞུང་གིས་ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་གཏོང་བྱ་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ལ་དངུལ་རྩའི་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་སོགས་ཀྱི་སྲིད་ཇུས་ཆ་སྦྱོར་བྱ་ཐབས་མང་པོ་འཐུས་ཚང་དུ་གཏོང་བཞིན་ཡོད་པ་རེད།

        སི་ཁྲོན་གྱིས་ད་ལོ་ད་དུང་ཁྲེན་ཏུའི་བདེ་ཐང་དཔལ་འབྱོར་རྒྱུད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཐོན་ལས་སྦྲེལ་ཐག་ཤུགས་ཆེར་གཏོང་བ་དང་། ཁ་གསབ་རྒྱག་པ། སྣུར་སྲིང་གཏོང་བ་བཅས་བྱེད་པ་དང་། གླིང་རྡུལ་ཆ་འཕྲིན་ཐོན་ལས་དང་། སྒྲིག་ཆས་བཟོ་སྐྲུན་ཐོན་ལས། བཟའ་རིགས་ཡང་བའི་འཁེལ་འཐག་ཐོན་ལས་སོགས་བཟང་ཆ་ལྡན་པའི་ཐོན་ལས་གོང་འཕེལ་གང་ལེགས་གཏོང་བ་བརྒྱུད། མཐོ་གསར་ཐོན་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1