༄༅།།མཚོ་སྔོན་གྱི་དོག་མོ་ས་ཡི་མཛེས་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 02-10



        རང་རྒྱལ་གྱི་རང་བྱུང་ཁུལ་ཆེན་པོ་གསུམ་འཛོམས་པའི་མཚོ་སྔོན་ཞིང་ཆེན་དུ། རྟག་པར་ས་ཆ་འདི་ཡི་ཐུན་མོང་མ་ཡིན་པའི་ཡིད་དབང་ཕྲོགས་ཤུགས་ཚོར་ཐུབ་པ་དང་། དེ་རིང་། ང་ཚོས་མཚོ་སྔོན་གྱི་དོག་མོ་ས་ཡི་མཛེས་པ་ལ་རོལ་མྱོང་ཐེངས་ཤིག་བྱེད།

པར་རིས་ཀྲུང་གོའི་རྒྱལ་ཁབ་ས་རྒྱུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལས་དྲངས།

        ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བར་དུ་ཡོད་ཅིང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ1000དང་ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ200ནས400ཙམ་ཡོད་པ། རྨ་ནུབ་ཁྱམས་ར་དང་མཚོ་སྔོན་པོ་ལ་ཐུར་ལྟ་བྱེད་པའི་མདོ་ལ་རི་རྒྱུད་ཀྱིས་གངས་རི་དང་འཁྱགས་ཀླུང་ཞུ་བའི་ཆུ་ལ་བརྟེན་ནས་ཐན་པ་ཆེ་བའི་ནུབ་བྱང་ས་ཆའི་ཐོག་ཏུ། རྨ་ནུབ་ཁྱམས་རའི་བྱེ་ཐང་སྤང་ལྗོངས་དང་གྲོང་ཁྱེར་མང་བོ་བསྐྲུན་ཡོད་པར་མ་ཟད། ད་དུང་ང་ཚོས་བྱེ་ཐང་སྤང་ལྗོངས་དང་གྲོང་ཁྱེར་དེ་དག་རྒྱབ་རྟེན་བྱས་ཏེ་ཡངས་ཤིང་ཆེ་བའི་བྱེ་ཐང་བརྒལ་ནས་ཞིན་ཅང་དང་ནུབ་ཡུལ་ཕྱོགས་ལ་བསྐྱོད་པ་ལས་དར་གོས་འགྲུལ་ལམ་ཡང་བསྐྲུན་ཡོད།

        མཚོ་སྔོན་གྱི་ས་ཆེན་འདིའི་ཐོག་ཏུ། འཁྱགས་ཀླུང་དང་གངས་རི་ཞུ་བའི་ཆུ་ཡིས་ཚོན་མདོག་རྣམ་པར་བཀྲ་བའི་མཛེས་པ་གཞན་པ་ཞིག་བསྐྲུན་ཡོད་ལ། དོག་མོ་ས་ཡི་བརྗིད་ཆགས་མཛེས་སྡུག་ཀྱང་གང་སར་གནས་ཡོད།

པར་རིས་ཀྲུང་གོའི་རྒྱལ་ཁབ་ས་རྒྱུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལས་དྲངས།

        ཚ་རྔ་འགག་ཏུ། བཞུར་ཆུས་བསླད་སྐྱོན་བཏང་ནས་གྲུབ་པའི་གྲོག་རོང་ནི་གྲི་ཡིས་བཅད་ཅིང་སྟ་རེ་ཡིས་གཏུབས་པ་ལྟར་སྣང་ཞིང་། དེ་ལས་བརྗིད་ཉམས་ལྡན་པའི་སྟོབས་ཤུགས་ཀྱི་མཛེས་པ་ཞིག་མངོན་ཡོད།

        ཚྭ་འདམ་གཞོང་དུ་ཐོན་པ་ན། ས་ཆ་འདི་ཐན་པ་དང་སྐྱོ་ལྷང་ལྷང་། འཇམ་ཐིང་ཐིང་ལྟར་ཡོད་ནའང་། མུ་མཐའ་མེད་པའི་དབང་གིས། ས་ཆ་འདི་ཡངས་ཤིང་རྒྱ་ཆེ་བར་སྣང་།

པར་རིས་ཀྲུང་གོའི་རྒྱལ་ཁབ་ས་རྒྱུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལས་དྲངས།

        ཚྭ་འདམ་གཞོང་གི་འཁྱགས་མཚོ་རུ། འཛམ་གླིང་ཐོག་གི་གཞི་རྒྱ་ཆེས་ཆེ་ཞིང་ཚགས་ཆེས་དམ་པའི་ཡ་ཏན་ས་དབྱིབས་ཚོགས་ཡོད་པ་དང་། ཨོ་པོ་རི་རྒྱུད་ནས་ཚྭ་འདམ་ཆེ་བ། དེ་ནས་ཧྭ་ཐུའོ་ཀི་བཅས་ཀྱི་བར་དུ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཉིས་བརྒལ་བའི་ཡ་ཏན་ས་དབྱིབས་ཀྱིས་འཛམ་གླིང་ཐོག་གི་ཆེས་མཚར་སྡུག་ལྡན་པའི་ཡ་ཏན་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ཡོད།

        ས་ཆ་འདི་ནས། ང་ཚོས་མཚམས་རེ་ལ་ས་མིང་རང་ཉིད་ནི་ཁྱད་ཆོས་སྟོན་པའི་མིང་ཞིག་ཡིན་པ་ཤེས་པ་དང་། དཔེར་ན་ཧྲུའེ་ཡ་ཙི་ཏུན(水鸭子敦)ལྟ་བུ་སྟེ། དེ་ནི་འཁྱགས་མཚོའི་ཤར་ལྷོའི་ཕྱོགས་སུ་ཡོད་པ་དང་། རིང་ཚད་ལ་སྤྱི་ལེ90དང་ཞེང་ཚད་ལ་སྤྱི་ལེ1ནས3ཙམ་ཡོད་ཅིང་། གནམ་ས་འབྲེལ་མཚམས་ལས་སྨི100ནས200ཡིས་མཐོ་བའི་སྒང་གཤོང་ས་རྒྱུད་དུ། རྔམ་བརྗིད་ལྡན་ཞིང་གཞི་རྒྱ་ཆེ་བའི་ཡ་ཏན་ས་དབྱིབས་ཡོད་པ་དང་། འདི་ནི་ཧྲུའེ་ཡ་ཙི་ཏུན་ཕྱོགས་སྟོན་རི་བོ་ཡིན།

པར་རིས་ཀྲུང་གོའི་རྒྱལ་ཁབ་ས་རྒྱུས་ཀྱི་སྐད་འཕྲིན་སྤྱི་སྟེགས་ལས་དྲངས།

        གནས་འདི་ནས་སྒང་ལ་བུད་དེ་རྒྱང་རིང་ལ་བལྟས་ན། སའི་གོ་ལའི་ཐོག་གི་གྲོག་རོང་ཟབ་མོའི་ནང་དུ་ཐོན་པ་དང་ཇི་བཞིན་ཡིན།

        ད་ལྟའི་ཚྭ་འདམ་གཞོང་ནི་ཐན་པ་ཧ་ཅང་ཆེ་ནའང་། ལོ་ཁྲི་སྟོང་གི་སྔོན་ལ། ཡུལ་འདི་རུ་མཚོ་དང་མཚེའུ་མང་བོ་ཡོད། ཐན་པ་བསྟུད་མར་བྱུང་བའི་དབང་གིས། གནའ་བོའི་མཚོ་དང་མཚེའུ་མང་བོ་རྒྱུན་ཆད་མེད་པར་རླངས་འགྱུར་བྱུང་ནས་མཚོ་དང་མཚེའུ་ཡི་ཆུ་གནས་མར་འགྲིབ་པ་དང་། མཐར་ལྟེ་བ་གཅིག་པའི་སྒོར་དབྱིབས་ཀྱི་ངོ་མཚར་ས་དབྱིབས་ཤིག་ཆགས་ཡོད།

པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།

        ཨ་ཆེན་གངས་རྒྱབ་ཀྱི་མི་མེད་ཁུལ་དུ། དོག་མོ་ས་ཡི་མཛེས་པ་ནི་སེམས་ཅན་གྱི་རྣམ་པ་ལྟར་མངོན་ཡོད་ལ། ཡུལ་འདི་ནི་རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞིས་ཡིན་སྟབས། ཐང་སྟོང་དུ་འབྲོང་དང་གཙོད། རྐྱང་སོགས་བང་རྒྱུག་བྱེད་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1