༄༅། །ཅི་ཞིག་ལ་ཡིག་སྐུར་ངོ་གཏུག་གི་ཐབས་ལམ་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-05


1. རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ལས་བྱེད་ཚན་པས་ཡིག་སྐུར་ངོ་གཏུག་ལས་བྱེད་ཚན་པའི་ཡིག་སྐྱེལ་ས་མིང་དང་། གློག་ཀླད་ཡིག་སྒམ། ཞུ་གཏུག་ཁ་པར། ཡིག་སྐུར་ངོ་གཏུག་སྣེ་ལེན་བྱེད་པའི་དུས་ཚོད་དང་ས་གནས། ཡིག་སྐུར་ངོ་གཏུག་སྣེ་ལེན་བྱེད་པའི་དུས་ཚོད་དང་ས་གནས། ཡིག་སྐུར་ངོ་གཏུག་གི་དོན་དག་ཐག་གཅོད་བྱས་ཚད་དང་དོན་འབྲས་རྩད་འཚོལ་བྱེད་ཐབས་བཅས་དང་དེར་འབྲེལ་གནས་ཚུལ་རྣམས་སྤྱི་ཚོགས་ཐོག་སྤྱི་སྒྲོག་བྱ་རྒྱུ།

2. རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ལས་བྱེད་ཚན་པས་སོ་སོ་རང་གི་ཡིག་སྐུར་ངོ་གཏུག་སྣེ་ལེན་བྱེད་ཡུལ་ལམ་གློག་ཀླད་དྲ་བའི་སྟེང་དུ་ཡིག་སྐུར་ངོ་གཏུག་གི་ལས་ཀ་དང་འབྲེལ་བའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་ཡིག ཡིག་སྐུར་ངོ་གཏུག་གི་དོན་སྒྲུབ་གོ་རིམ་དེ་བཞིན་ཡིག་སྐུར་ངོ་གཏུག་མཁན་ལ་དམིགས་པའི་མཐུན་རྐྱེན་སྟབས་བདེ་གཞན་དག་བཅས་དང་དེར་འབྲེལ་གནས་ཚུལ་རྣམས་སྤྱི་སྒྲོག་བྱ་རྒྱུ།

3. ས་ཁུལ་དུ་གཙུགས་ཡོད་པའི་གྲོང་ཁྱེར་རིམ་པ་དང་། རྫོང་རིམ་པའི་མི་དམངས་སྲིད་གཞུང་དང་དེའི་ལས་བྱེད་ཚན་པ་དེ་བཞིན་ཡུལ་ཤོག་དང་གྲོང་བརྡལ། མི་དམངས་སྲིད་གཞུང་བཅས་ཀྱིས་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་པས་ཡིག་སྐུར་ངོ་གཏུག་གི་སྣེ་ལེན་ཉིན་མོའི་ལམ་ལུགས་འཛུགས་དགོས་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་པས་ཡིག་སྐུར་ངོ་གཏུག་གི་དོན་དག་མཐུན་སྦྱོར་དང་ངོ་སྒྲུབ་བྱེད་དགོས། ཡིག་སྐུར་ངོ་གཏུག་བྱེད་མཁན་གྱིས་ཁྱབ་བསྒྲགས་བྱས་པའི་སྣེ་ལེན་ཉིན་མོ་དང་སྣེ་ལེན་བྱེད་ཡུལ་དུ་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་པ་ལ་ཡིག་སྐུར་ངོ་གཏུག་གི་དོན་དག་ངོ་ཞུ་བྱས་ཆོག

4. རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་ལས་བྱེད་ཚན་པའི་འགན་འཁུར་པའམ་ཡང་ན་དམིགས་བཙུགས་མི་སྣས་ཡིག་སྐུར་ངོ་གཏུག་བྱེད་མཁན་གྱིས་ཞུ་འདོན་བྱས་པའི་གནད་དོན་འབུར་དུ་ཐོན་པ་ཅན་ལ་དམིགས་ནས་ཡིག་སྐུར་ངོ་གཏུག་བྱེད་མཁན་དེའི་སྡོད་གནས་སུ་ཕྱིན་ཏེ་ཁོ་དང་མཉམ་དུ་གླེང་མོལ་བྱ་ཆོག

6. རྒྱལ་ཁབ་ཡིག་སྐུར་ངོ་གཏུག་ལས་བྱེད་ཚན་པས་སྒོ་ཀུན་ནས་ད་ཡོད་སྲིད་དོན་ཆ་འཕྲིན་མ་ལག་གཙུགས་ཐོག ཡིག་སྐུར་ངོ་གཏུག་བྱེད་མཁན་ཚོར་ས་གནས་རང་དུ་ཡིག་སྐུར་ངོ་གཏུག་གི་དོན་དག་ཞུ་འདོན་བྱེད་པ་དང་། ཡིག་སྐུར་ངོ་གཏུག་གི་དོན་དག་བསྒྲུབས་པའི་གནས་ཚུལ་རྩད་འཚོལ་བྱེད་རྒྱུར་སྟབས་བདེ་སྤྲོད་རྒྱུ།

7. རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་སྒོ་ཀུན་ནས་ད་ཡོད་སྲིད་དོན་ཆ་འཕྲིན་དྲ་རྒྱའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་སོ་སོའི་སྲིད་འཛིན་ས་ཁོངས་ཀྱི་ཡིག་སྐུར་ངོ་གཏུག་གི་ཆ་འཕྲིན་མ་ལག་འཛུགས་པའམ་ངེས་གཏན་བྱ་དགོས་པ་དང་། དེ་ཉིད་རིམ་པ་གོང་མའི་མི་དམངས་སྲིད་གཞུང་དང་། སྲིད་གཞུང་གི་འབྲེལ་ཡོད་ཚན་པ། རིམ་པ་འོག་མའི་མི་དམངས་སྲིད་གཞུང་བཅས་ཀྱི་ཡིག་སྐུར་ངོ་གཏུག་ཆ་འཕྲིན་མ་ལག་དང་ཕན་ཚུན་མཉམ་སྦྲེལ་བྱ་རྒྱུ།

8. རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཡིག་སྐུར་ངོ་གཏུག་ལས་བྱེད་ཚན་པའམ་དེར་འབྲེལ་ལས་བྱེད་ཚན་པས་ཡིག་སྐུར་ངོ་གཏུག་བྱེད་མཁན་གྱི་ཞུ་གཏུག་རེ་བ་དེ་དུས་ཐོག་ཡིག་སྐུར་ངོ་གཏུག་གི་ཆ་འཕྲིན་མ་ལག་ནང་དུ་འཇུག་དགོས་པ་དང་། ཡིག་སྐུར་ངོ་གཏུག་བྱེད་མཁན་གྱིས་སྲིད་འཛིན་ལས་ཁུངས་ཀྱིས་སྤྲད་པའི་ཞུ་གཏུག་རེ་བ་བདག་སྤྲོད་བྱས་ཟིན་པའི་དཔང་ཡིག་ཁྱེར་ནས་ས་གནས་དང་རང་གི་མི་དམངས་སྲིད་གཞུང་གི་ཡིག་སྐུར་ངོ་གཏུག་ལས་བྱེད་ཚན་པའི་སྣེ་ལེན་བྱེད་ཡུལ་དུ་སོ་སོས་བཏོན་པའི་ཞུ་གཏུག་རེ་བ་ཐག་གཅོད་བྱས་ཚུལ་རྩད་འཚོལ་བྱས་ཆོག དེའི་ལག་བསྟར་བྱེད་ཐབས་དང་གོ་རིམ་དངོས་ནི་ཞིང་ཆེན་དང་རང་སྐྱོང་། ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གིས་གཏན་འབེབས་བྱ་རྒྱུ།

9. ས་ཁུལ་ཏུ་བཙུགས་ཡོད་པའི་གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་མི་དམངས་སྲིད་གཞུང་གིས་ཡིག་སྐུར་ངོ་གཏུག་ལས་ཀའི་དགོས་མཁོ་དངོས་ལ་གཞིགས་ནས་སྲིད་གཞུང་གིས་སྤྱི་འདོམས་བྱེད་ཅིང་། སྤྱི་ཚོགས་ཐེ་ཞུགས་བྱེད་ལ་རྩོད་གཞི་འཕྲལ་མྱུར་དུ་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པའི་ལས་ཀའི་སྒྲིག་གཞི་བཙུགས་ཆོག

10. ཡིག་སྐུར་ངོ་གཏུག་ལས་བྱེད་ཚན་པའམ་འབྲེལ་ཡོད་ཀྱི་སྤྱི་ཚོགས་ཚོགས་པ་དང་། བཅའ་ཁྲིམས་ཀྱི་རོགས་སྐྱོར་ཚན་པ། འབྲེལ་ཡོད་ཆེད་ལས་མི་སྣ། སྤྱི་ཚོགས་ཀྱི་དང་ལེན་པ་སོགས་སྒྲིག་འཛུགས་བྱས་ནས་ཐུན་མོང་དུ་ཐེ་ཞུགས་བྱས་ཐོག བློ་འདྲི་དང་། སློབ་གསོ། གྲོས་མོལ། འདུམ་ཐབས། ཉན་སྒྲུབ་སོགས་ཀྱི་ཐབས་ཤེས་སྤྱད་དེ་ཡིག་སྐུར་ངོ་གཏུག་བྱེད་མཁན་གྱི་ཞུ་གཏུག་རེ་བ་དེ་ཁྲིམས་མཐུན་ངང་དུས་ཐོག་ཏུ་ལུགས་མཐུན་ཐག་གཅོད་བྱ་རྒྱུ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1