སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་བརྙན་འཕྲིན། སྤེལ་དུས། 02-15



        ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ཉིན། སི་ཁྲོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་རྒྱས་འཛོམས་གྲོས་ཚོགས་འཚོགས་ནས། ཀྲུང་དབྱང་ཨུ་ལྷན་གྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་གཙོ་བོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བགྲོ་གླེང་འཛིན་གྲྭའི་སྙིང་དོན་ཆེད་དུ་བརྒྱུད་སྒྲོག་སློབ་སྦྱོང་བྱས་པར་མ་ཟད། སི་ཁྲོན་གྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གྲོས་ཚོགས་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གནང་བ་རེད།

        གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བགྲོ་གླེང་འཛིན་གྲྭའི་འགོ་ཚུགས་མཛད་སྒོའི་ཐོག་གི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཁོག་གི་འཐབ་ཇུས་མཐོ་ཚད་ལ་རྐང་བཙུགས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་གཞུང་དང་ལག་ལེན་གནད་དོན་གལ་ཆེན་རབ་དང་རིམ་པར་འགྲེལ་བརྗོད་ཟབ་མོ་བྱས་ཡོད། དེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིགས་གཞུང་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་ཡོད། ཏང་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོ་བ་ཡག་པོ་ལེན་པ་དང་། ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ལ་ཁྱོན་ཡོངས་ནས་སློབ་སྦྱོང་དང་དམ་འཛིན། དོན་འཁྱོལ་བཅས་བྱས་ནས། བགྲོད་ལམ་གསར་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་རྣམ་པ་གསར་པ་གཏོད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། ཞིང་ཆེན་གོང་འོག་གིས་དངོས་སུ་བསམ་བློ་དང་བྱ་སྤྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ཐོག་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་སི་ཁྲོན་དེང་རབས་ཅན་གྱི་འཛུགས་བསྐྲུན་ལ་སྣེ་ཁྲིད་དེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་གྱི་རྣམ་པ་གསར་པ་གཏོད་གང་ཐུབ་བྱེད་དགོས་ཞེས་བཏོན་པ་རེད།

        གྲོས་ཚོགས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་བ་ཁྱད་གསོད་བྱས་པ་ལས་ཐོབ་པའི་རླབས་ཆེན་གྱི་གསར་སྐྲུན་ཡིན་པས། ངེས་པར་དུ་གཅེས་སྤྲས་དང་དུས་ནམ་ཡང་རྒྱུན་འཁྱོངས། རྒྱུན་ཆད་མེད་པར་རྒྱ་བསྐྱེད་དང་ཟབ་སྤེལ་གཏོང་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ནུབ་ཕྱོགས་ཀྱི་མ་རྩ་དོར་བ་གཙོ་བོར་འཛིན་པའི་དེང་རབས་ཅན་དང་སྣེ་གཉིས་ཁ་བྲལ་ཅན་གྱི་དེང་རབས་ཅན། དངོས་པོའི་རིང་ལུགས་དར་བའི་དེང་རབས་ཅན། ཕྱི་ཕྱོགས་རྒྱ་བསྐྱེད་དང་འཕྲོག་རྩོད་ཀྱི་དེང་རབས་ཅན། དེང་རབས་ཅན་དེ་ནུབ་ཕྱོགས་ཅན་གྱི་བསམ་བློ་དོར་བ། སྤྱི་ཚོགས་རིང་ལུགས་དང་དེང་རབས་ཅན་ཟུང་འབྲེལ་གཅིག་གྱུར་ནུས་ལྡན་བྱེད་པ། ཀྲུང་ཧྭའི་མི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་འཛམ་གླིང་དང་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། མིའི་རིགས་ཀྱི་དེང་རབས་ཅན་གྱི་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་ཐད་དུས་རབས་གྱི་དོན་སྙིང་གལ་ཆེན་ལྡན་ཞེས་བསྟན།

        གྲོས་ཚོགས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བ་ནི་འོད་སྟོང་ལྡན་ཞིང་རེ་བས་ཁེངས་པ་ཞིག་ཡིན་པ་མ་ཟད། ཉེན་ཁ་དང་འགྲན་སློང་ལ་འཕྲད་པས། ངེས་པར་དུ་ཏང་གི་འགོ་ཁྲིད་རྦད་དེ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འགོ་ཁྲིད་ནི་ཐད་ཀར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཞི་རྩའི་ཁ་ཕྱོགས་དང་མ་འོངས་ལས་དབང་། མཇུག་མཐའི་རྒྱལ་ཕམ་བཅས་དང་འབྲེལ་བ་ཡོད་པས། ཏང་གི་འགོ་ཁྲིད་རྦད་དེ་རྒྱུན་འཁྱོངས་བྱས་ན་ད་གཟོད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལྗོངས་འོད་སྟོང་ལྡན་ཞིང་གཟི་བརྗིད་ལྡན་པ་རེད། མདུན་སྐྱོད་ཀྱི་བགྲོད་ལམ་ཐོག ང་ཚོས་གཏན་འཁེལ་གཉིས་ལ་རྦད་དེ་སྲུང་སྐྱོང་དང་སྲུང་སྐྱོང་གཉིས་ཡག་མོ་སྒྲུབ་པ། རང་རྟོགས་སྒོས་ཏང་གི་འགོ་ཁྲིད་དེ་དེང་རབས་ཅན་འཛུགས་སྐྱོང་གི་ཁྱབ་ཁོངས་སོ་སོ་དང་ཕྱོགས་སོ་སོ། གོ་རིམ་སོ་སོ་རུ་ལག་བསྟར་བྱས་ནས། རང་རྒྱལ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྱོང་དེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་ནས་མདུན་དུ་སྐྱོད་པར་ཁག་ཐེག་བྱེད་དགོས་ཞེས་བསྟན།

        གྲོས་ཚོགས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཁྱབ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་ཡིན་པས། ངེས་པར་དུ་སྤུས་མཐོའི་འཕེལ་རྒྱས་ཀྱི་ལས་འགན་གཙོ་བོ་དམ་འཛིན་བྱེད་དགོས། ང་ཚོས་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་གནད་དོན་ལ་ངོས་འཛིན་དང་ལས་ཀར་འཆར་འགོད། རང་ཉིད་ཀྱི་ལས་དོན་ཡག་མོ་སྒྲུབ་པ། དེང་རབས་ཅན་གྱི་འཛུགས་སྐྱོང་ལ་སྐུལ་བ། ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་ཞུ་དང་དེའི་ནང་ཞུགས་ནས། སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་ཞེས་བསྟན།

        གྲོས་ཚོགས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཏང་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་ཆབ་སྲིད་ཀྱི་འགན་འཁྲི་དང་དུས་རབས་ཀྱི་འགན་འཁྲི་ཡིན་པས། ངེས་པར་དུ་རང་རང་སོ་སོའི་དངོས་ཡོད་དང་དམིགས་ནས་འཆར་འགོད་དང་། ཁྱོན་ཡོངས་ལ་བྱས་རྗེས་འཇོག་གང་ཐུབ་བྱེད་དགོས། ས་གནས་ཁག་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་དུ་འབྲེལ་ནས་བྱེད་ཐབས་ཞིབ་ཕྲ་ལག་བསྟར་ལ་སྐུལ་བར་ཞིབ་འཇུག་དང་འཆར་འགོད། འགན་འཁྲི་ཁུར་ཕོད་པ་དང་དུས་རབས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་མཐུན་པ། སི་ཁྲོན་གྱི་ཁྱད་ཆོས་མཚོན་པ། རྒྱལ་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པའི་དེང་རབས་ཅན་གྱི་བགྲོད་ལམ་ཐོག་སྐྱོད་གང་ཐུབ་བྱེད་དགོས་ཞེས་བསྟན།

        གྲོས་ཚོགས་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་རྙོག་འཛིང་ཆེ་ཞིང་ཆ་ཚང་བའི་ལས་གཞི་ཡིན་པས། ངེས་པར་དུ་སྙིང་སྟོབས་ཆེན་པོ་དང་སྒྲུབ་ཕོད་པའི་ངར་ཤུགས་ལྡན་དགོས། ད་ལོ་ནི་དུས་རབས་གསར་པའི་བགྲོད་ལམ་གསར་པར་སི་ཁྲོན་དེང་རབས་ཅན་གྱི་འཛུགས་སྐྱོང་གི་འགོ་ཚུགས་པའི་ལོ་རེད། ང་ཚོས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་བརྒྱ་ཆའི་དྲུག་ཡས་མས་ཀྱི་དམིགས་འབེན་གཏན་འཁེལ་བྱས་ཡོད་པས། འདི་ནི་དམིགས་འབེན་མཐོན་པོ་ཞིག་ཡིན་པས། ལས་སླ་མོས་འགྲུབ་མི་ཐུབ་ལ། དཀའ་སྤྱད་སྡུག་རུས་དང་འབད་འབུངས་ཧུར་ཐག་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་འབད་བརྩོན་གྱི་སྙིང་སྟོབས་དང་སྒྲུབ་ཕོད་པའི་སྙིང་སྟོབས་རྒྱུན་འཁྱོངས་དང་། དོན་དངོས་སྒྲུབ་པའི་སྟོབས་ཤུགས་དང་ལས་འབྲས་དངོས་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་ནས། དུས་ཚིགས་དང་པོར་འགོ་ཡག་མོ་ཚུགས་པ་དང་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་འགྲུབ་པར་ཁག་ཐེག དུས་རབས་གསར་པའི་བགྲོད་ལམ་གསར་པར་སི་ཁྲོན་དེང་རབས་ཅན་གྱི་འཛུགས་སྐྱོང་གི་འགོ་ཡག་མོ་འཛུགས་དགོས་ཞེས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1