མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཛ་དྲག་གི་འབོད་སྐུལ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-16


        ས་གནས་དེ་གའི་དུས་ཚོད་ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སི་ཡིས་ས་ཡོམ་གྱི་ཤུགས་རྐྱེན་ཕོག་པའི་ཐུར་ཁེ་དང་སི་རི་ཡར་རོགས་སྐྱོབ་བྱེད་པར་མཉམ་འབྲེལ་རྒྱལ་ཚོགས་ལ་ཨ་སྒོར་དུང་ཕྱུར་3.976(མི་དམངས་ཤོག་སྒོར་དུང་ཕྱུར་27.1ཙམ)དང་དགོས་ཤིང་།  རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་སྐྱོར་བྱེད་རེའི་འབོད་སྐུལ་གནང་བ་རེད། ཀུ་ཐེ་ལེ་སིས་མ་དངུལ་དེ་དག་གིས་ཟླ་བ་གསུམ་ནང་ཚུན་དུ་གནོད་འཚེ་ཕོག་མཁན་ཁྲི་500ཙམ་ལ་རོགས་རམ་ཐུབ་རྒྱུ་ཡིན་པ་བཤད།

        མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་ལ་གཞིགས་ན། སི་རི་ཡའི་མི་ཁྲི་880ལ་ས་ཡོམ་གྱི་ཤུགས་རྐྱེན་ཐེབས་ནས་བཟོ་སྐྲུན་7400ལྷག་ཙམ་ལ་གཏོར་སྐྱོན་ཚད་མི་འདྲ་བ་ཕོག་ཡོད།

        འདས་ཟིན་པའི་ཉིན་ཤས་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུར་ཁེ་དང་སི་རི་ཡར་མི་ཆོས་རོགས་སྐྱོར་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་14ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྒོ་དབྱེ་གསར་པ་བྱས་པའི་སི་རི་ཡའི་པ་ཕུའུ་སའེ་ལ་མུའུ་འགག་སྒོ་བརྒྱུད་སི་རི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་ཚོད་འཛིན་ཁུལ་ལ་མི་ཆོས་གེགས་སེལ་དངོས་ཟོག་དབོར་འདྲེན་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1