ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་སྨར་ཁམས་ཚྭ་ཞིང་དང་ཉེ་བར་བཅར་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་གསར་འགྱུར་དྲ་བ། སྤེལ་དུས། 02-17


 བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འཇང་མི་རིགས་ཤང་དུ་རྒྱུགས་བཞིན་པའི་རྫ་ཆུའི་ངོགས་གཉིས་སུ་ལོ་རྒྱུས་ཡུན་རིང་ལྡན་ཞིང་ཆེ་ཆུང་འདྲ་མིན་སྣ་ཚོགས་པའི་ཚྭ་ཞིང་སྟོང་ཕྲག་དུ་མ་ཡོད་པ་དང་།  ཤིང་གི་ཀ་བས་བཏེགས་པའི་ཚ་ཞིང་དེ་དག་ལུང་ཤུར་གྱི་ས་བབ་དང་བསྟུན་ནས་མཐོ་དམན་བར་གསུམ་དུ་ཁྱབ་ཅིང་།  གནས་དེ་གའི་མི་རྣམས་ཀྱིས་གཙང་འགྲམ་གྱི་ཁྲོན་པ་དང་རྫིང་བུ་ནས་ཚྭ་ཆུ་འཐེན་ཏེ་ཞིང་ནང་དུ་འདྲེན་གྱི་ཡོད་པ་དང་།  ཉི་རླུང་གཉིས་ལ་བརྟེན་ནས་ཆུ་རྣམས་སྐམ་དུ་བཅུག་སྟེ་མཐར་ཚྭ་གཅིག་བུ་ལྷག་གི་ཡོད།  ཚྭ་ཞིང་དེ་དག་གི་འོག་ཏུ་མདུང་དབྱིབས་ཀྱི་ཤེལ་ཚྭ་བགྲང་ལས་འདས་པ་ཞིག་ཆགས་ཡོད་པ་ནི་ཆུ་ཤེལ་ཕོ་བྲང་གི་འཇིག་རྟེན་ཞིག་དང་གཉིས་སུ་མ་མཆིས་ལ་ལོ་རྒྱུས་ཀྱི་དཔང་པོ་ལྟ་བུར་ཡང་གྱུར་ནས་ཡོད།

 ཚྭ་ཁ་ལྷོའི་གནའ་བོའི་ཚྭ་ཞིང་ནི་ད་བར་བོད་དུ་སྲོལ་རྒྱུན་གྱི་ཚྭ་སྐམ་སྟངས་རྒྱུན་འཁྱོངས་བྱེད་མཁན་གྱི་ས་ཆ་འབའ་ཞིག་དེ་ཡིན་པ་དང་།  ལོ་མང་རིང་ཚྭ་ཐོན་སྐྱེད་བྱེད་ས་གལ་ཆེན་ཞིག་ཡིན་པའི་དབང་གིས་དེ་ཁུལ་དུ་ཚྭ་ཁ་ལྷོ་ཞེས་མིང་ཡང་ཐོགས། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལ་གཞིགས་ན། ཐང་རྒྱལ་རབས་སྐབས་ནས་གནས་དེར་ཚྭ་སྐམ་པའི་ལོ་རྒྱུས་ལྡན་ཡོད་ལུགས་འཁོད་ཡོད་པས་ད་བར་ཉུང་མཐར་ཡང་ལོ་ངོ་ ༡༢༠༠ ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1