ཏུན་900ལྷག་གི་སྐམ་ཤ་རྫུན་མ་རྩད་ཆོད་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-17


        ཟླ་2ཚེས་13ཉིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། སི་ཁྲོན་མེན་དབྱང་ཉེན་རྟོག་ལས་ཁུངས་ཀྱིས་མྱུལ་ཞིབ་ཞིབ་ཚགས་དང་། སྔ་རྗེས་སུ་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས་སི་ཁྲོན་དང་། ཧྲན་ཏུང་། ཧོ་ནན་སོགས་སུ་བསྐྱོད་དེ་ནོར་ཤ་རྫུན་མ་བཟོ་བ་དང་བཙོང་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། དོགས་ཡོད་ཉེས་ཅན་11འཛིན་བཟུང་བྱས་ཤིང་། ནོར་ཤ་རྫུན་མ་དང་འཁྱག་བཟོའི་ཐོན་རྫས་ཏུན་900ལྷག་ཙམ་བཀག་ཡོད། དྲ་འོག་ནས་རྫུན་བཟོ་དང་དྲ་ཐོག་ཏུ་བྲིན་ཚོང་བྱས་པའི་ཐོན་ལས་ཀྱི་ཕྲེང་ཐག་ནག་པོ་དེའི་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་3500ལྷག་ཙམ་ཟིན་ཡོད།

        2022ལོའི་ཟླ་3པར། སི་ཁྲོན་མེན་དབྱང་པེ་ཁྲོན་ཆའང་རིགས་རང་སྐྱོང་རྫོང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་ལ་མང་ཚོགས་མང་པོ་ཞིག་གིས་ཞུ་གཏུག་བརྒྱབ་པ་སྟེ། ཁོང་ཚོས་དྲ་ཐོག་ནས་ཉོས་པའི་ནོར་ཤ་ལ་སྤུས་ཚད་ཀྱི་གནད་དོན་ཡོད་པ་དང་། བྲོ་བ་དང་། ཕྱི་དབྱིབས་དེ་ཚགས་ཤ་དང་མི་འདྲ་བ། ཐོན་རྫས་ལ་ལར་ད་དུང་དྲི་ངན་ཡོད་ཚུལ་བརྗོད་པ་རེད། ལོ་དེའི་ཟླ་4པའི་ཚེས་25ཉིན་སི་ཁྲོན་མེན་དབྱང་པེ་ཁྲོན་སྤྱི་བདེ་ཅུས་ལ་སྐྱེལ་སྤྲོད་བྱས་པའི་གྱོད་གཞིའི་ཁུངས་སྣེ་འབྱོར་རྗེས། མེན་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་བཟའ་བཅའ་དང་སྨན་རྫས་སྐོར་གཡེང་མྱུལ་ཞིབ་ཡན་ལག་རུ་ཁག་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་དང་མཉམ་འབྲེལ་བྱས་ནས་ཞིབ་བཤེར་ལས་དོན་སྤེལ་ཞིང་། སི་ཁྲོན་དང་ཧྲན་ཏུང་སོགས་སུ་གནད་དོན་ཡོད་པའི་ནོར་ཤ་ཐོན་སྐྱེད་དང་བྲིན་ཚོང་གི་ཕྲེང་ཐག་ནག་པོ་ཞིག་ཡོད་པ་ཤེས་རྟོགས་བྱུང་།

        སི་ཁྲོན་ཞིང་ཆེན་མེན་དབྱང་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་འཕྲལ་མར་གྱོད་གཞིའི་གནས་ཚུལ་གོང་རིམ་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུས་པ་མ་ཟད། གྲོང་ཁྱེར་དང་སྤྱི་བདེ་ཅུས། བཟའ་བཅའ་དང་སྨན་རྫས། ཁོར་ཡུག་བཅས་འབྲེལ་ཡོད་ལས་ཁུངས་ཀྱི་མྱུལ་ཞིབ་ཡན་ལག་རུ་ཁག་དང་། པེ་ཁྲོན་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པས་གཙོ་བྱས་པའི་མཉམ་འབྲེལ་ཆེད་དོན་ཚོ་ཆུང་བཅས་ཀྱིས་ཞིང་ཆེན་སྤྱི་བདེ་ཐིང་གི་བཟའ་བཅའ་དང་སྨན་རྫས་ཀྱི་སྐོར་གཡེང་མྱུལ་ཞིབ་སྤྱི་ཁྱབ་རུ་ཁག་གི་མཛུབ་ཁྲིད་འོག ཆེད་དོན་གྱོད་གཞིའི་མྱུལ་ཞིབ་ལས་དོན་སྤེལ་བ་དང་། ཆེད་དོན་གྱོད་གཞིའི་ཨང་རྟགས་“4.25”གཏན་འཁེལ་བྱས།      ཆེད་དོན་ཚོ་ཆུང་གིས་འཚོལ་བསྡུ་བྱས་པའི་ནོར་ཤ་སྣ་ཚོགས་ཆེད་ལས་ཞིབ་དཔྱད་ཚད་ལེན་སྡེ་ཁག་ལ་བསྐྱལ་ནས་གསལ་འབྱེད་བྱས། དེའི་ཁྲོད་ཆེད་དོན་ཚོ་ཆུང་གིས་ཞིབ་བཤེར་བྱེད་པར་བསྐྱལ་བའི་སྤུས་རྟགས་ཤིག་གི་ནོར་ཤར་བྱ་གག་གི་ཤ་བསྲེས་པ་ཞིབ་དཔྱད་ཚད་ལེན་བྱུང་བ་དང་། དེ་ནི་སྤུས་ཞན་ཐོན་རྫས་ཀྱི་ཁོངས་སུ་གཏོགས་པ་རེད། ཆེད་དོན་གྱོད་གཞིའི་ཚོ་ཆུང་གིས་ལས་ཀའི་ཁྲོད་ནོར་ཤའི་ཐོན་རྫས་དེ་རིགས་དྲ་འོག་དང་དྲ་ཐོག་བརྒྱུད་གོང་ཁེ་པོས་འཚོང་བ་དང་། གྲངས་འབོར་ཧ་ཅང་མང་བ། ཐ་ན་དྲ་རྒྱའི་ལས་སྟེགས་ཁག་ཅིག་གིས་སྤུས་དག་གོང་ཁེ་ཞེས་པའི་བྲིན་ཁ་རྒྱུག་པའི་ཐོན་རྫས་ལ་ཡིན་དོགས་བྱས་ནས་འཛད་སྤྱོད་པའི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པ་རེད།

        ཆེད་དོན་ཚོ་ཆུང་གིས་ཟླ་བ་2ལྷག་རིང་བསྟུད་མར་འབད་འཐབ་བྱས་པ་བརྒྱུད། སི་ཁྲོན་དང་ཧྲན་ཏུང་། ཧོ་ནན་སོགས་ཀྱི་ནོར་ཤ་རྫུན་མ་ཐོན་སྐྱེད་བྱེད་སའི་ཕྲེང་ཐག་དང་བཟོ་ཡུལ་ཤེས་པ་དང་། ཞེ་ཆེ་གེ་མོ་གཙོ་བྱས་པའི་མི་10ལྷག་ཙམ་གྱི་རྫུན་བཟོ་ཚོགས་པ་གཏན་འཁེལ་བྱས་པ་དང་། འཛད་སྤྱོད་པ་དང་གློག་རྡུལ་ཚོང་དོན་སྟེགས་བུ་ཁྲི་བཅུ་གྲངས་ལ་ཞིབ་བཤེར་བྱས་རྗེས། མཇུག་མཐར་རིམ་པ་ཕྱེ་ནས་དོགས་ཡོད་ཉེས་ཅན་བཅུ་གྲངས་ཁ་ཤས་ཀྱི་དངུལ་ཁང་ཁྰ་དང་། གཏོང་སྤྲོད་ནོར་མཛོད་ཀྱི་རྩིས་ཁྲ། སྐད་འཕྲིན་ཨང་གྲངས་བཅས་ཀྱི་གྱོད་འབྲེལ་མ་དངུལ་གཏོང་ཕྱོགས་ཁ་གསལ་བཟོས་པ་དང་འབྲེལ། དོགས་ཡོད་ཉེས་ཅན་གཙོ་བོ་དང་ཐོན་སྐྱེད་བྱ་ཡུལ་ལ་ལྟ་སྐུལ་ཚོད་འཛིན་ནན་པོ་བྱས་པ་བརྒྱུད་གཟུགས་མེད་ཀྱི་དྲ་བ་ཆེན་པོ་ཞིག་རིམ་བཞིན་དམ་པོར་བསྡུས།

        2022ལོའི་ཟླ་བ་6པའི་ཚེས་24ཉིན། ཆེད་དོན་གྱོད་གཞི་ཚོ་ཆུང་གིས་སི་ཁྲོན་ཁྲེང་ཏུའུ་དང་ཅན་དབྱང་དུ་ཞེ་ཆེ་གེ་མོ་སོགས་དོགས་ཡོད་ཉེས་ཅན་8འཛིན་བཟུང་བྱས་པ་དང་། 2022ལོའི་ཟླ་8པར་ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་དང་ཧོ་ནན་ལུའོ་ཧོ་གྲོང་ཁྱེར་དུ་དོགས་ཡོད་ཉེས་ཅན་གཞན་3འཛིན་བཟུང་བྱས། འཛིན་བཟུང་བྱ་སྤྱོད་ནང་བྱ་གག་གི་ཤ་སྤུས་ཞན་གྱི་ནོར་ཤ་འཁྱགས་པའི་ཐོན་རྫས་ཏུན་900ལྷག་ཙམ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་ཁང་ཁྰ་20ལྷག་ཙམ། རྫུན་བཟོའི་མཛོད་ཁང་3 རྫུན་བཟོ་བྱས་པའི་ཐོན་སྐྱེད་ཁང་8བཅས་ཞིབ་བཤེར་དང་བཀག་ཉར་བྱས་པར་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་3500ཟིན་ཞིང་། “4.25”ཆེད་དོན་གྱོད་གཞི་ཚང་མ་རྩད་ཆོད་པ་དང་ཞེ་ཆེ་གེ་མོའི་གཙོས་ནོར་ཤ་རྫུན་མ་བཟོ་བ་དང་འཚོང་བའི་ཉེས་གསོག་ཚོགས་པ་ཚང་མ་མེད་པར་བཟོས་ཡོད་པ་རེད།

        ཆེད་དོན་ཚོ་ཆུང་གིས་དེའི་རྗེས་སུ་སླར་ཡང་ཉེན་རྟོག་པ་བཏང་ནས། སྔ་རྗེས་སུ་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་བསྐྱོད་དེ་དཔང་རྟགས་འབོར་ཆེན་གཏན་འཁེལ་བྱས་པ་དང་། 2023ལོའི་ཟླ་དང་པོར། གྱོད་གཞི་དེ་ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་ཁྲིམས་ཁང་ལ་སྐྱེལ་སྤྲོད་བྱས་པ་དང་འབྲེལ། ཉེ་དུས་ཁྲིམས་ར་འཚོགས་ནས་ཞིབ་གཅོད་བྱ་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1