མཛོད་དགེ་རྫོང་གིས་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་ཇེ་ལེགས་སུ་བཏང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས། སྤེལ་དུས། 02-21


        ༢༠༢༣ལོར་མཛོད་དགེ་རྫོང་གིས་མུ་མཐུད་དུ་རྣམ་གྲངས་འཛུགས་སྐྲུན་ལོ་འཁོར་ལས་སྒོ་ཟབ་སྤེལ་སྒོས།  གྲོང་གསེབ་ཀྱི་ཐོན་ལས་ཇེ་ལེགས་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཇེ་བཟང་། གྲོང་གསེབ་ཀྱི་བཅོས་སྐྱོང་ཇེ་ལེགས་བཅས་སུ་གཏོང་བར་བརྟེན་ཏེ།  རྒྱུན་མི་ཆད་པར་དམངས་འཚོར་ཕན་ཞིང་དམངས་སེམས་སྐྱིད་པའི་བྱེད་ཐབས་གང་མང་སྤྱད་པས།  རོང་འབྲོག་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་དུ་གྱུར།

        རྫོང་ཁོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་སྤུས་ལེགས་ངང་འཕེལ་བའི་འཆར་གཞི(༢༠༢༢ནས༢༠༢༧ལོའི་བར)དང་།  ཐང་སྐོར་སོགས་ས་ཁུལ་ཆེན་པོ་ལྔའི་གྲོང་གསེབ་ཐོན་ལས་འཆར་འགོད་ཞིབ་ཚགས་བཟོས་ཏེ།  མུའུ་ཁྲིའི་པད་ཁ་ལྗོངས་གཟིགས་དང་མིས་འདེབས་གཟན་རྩྭ།  ནས་ཀྱི་ཐོན་ལས་ཚད་ལྡན་ཅན།  ཤིང་ཏོག་ལི་ཡི་སྐྱེད་ཚལ།  གྲོང་གསེབ་ཡུལ་སྐོར་སོགས་ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།  གྲོང་གསེབ་དར་སྤེལ་དང་གྲོང་གསེབ་འཛུགས་སྐྲུན།  གྲོང་གསེབ་བཅོས་སྐྱོང་བཅས་ལ་དམིགས་ཏེ།  གྲོང་གསེབ་མཛེས་པ་ཅན་ལྔ་སྐོར་ཞིག་བསྐྲུན་པ་དང་།   མ་དངུལ་སྒོར་དུང་ཕྱུར༡.༨བཏང་ནས། ཞིང་གྲོང་གཞུང་ལམ་དག་ཐེར་དང་བདེར་སྐྱོད་ལས་གཞི།  ཨ་སྐྱིད་ལམ།  མཚོ་དབང་ལམ་བཅས་ཀྱི་རྣམ་གྲངས་ལག་བསྟར་བྱས་པ་དང་།  ཡུལ་གྲོང༡༠ཡི་གྲོང་སྡེ༢༠ཡི་གཞུང་ལམ་སྤྱི་ལེ༧༧བསྒྱུར་བཀོད་བཏང་།  ཟི་ཁྲེང་ལྕགས་ལམ་ཧྲིལ་བོའི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་བ་དང་།  ལྷ་ཁྲོན་མྱུར་བགྲོད་གཞུང་ལམ་རྣམ་གྲངས་འཛུགས་སྐྲུན་གྱི་དུས་སྐབས་སྔ་མའི་ལས་སྒྲུབ་ཇེ་མགྱོགས་སུ་བཏང་བ།  སྤྱི་སྤྱོད་གནམ་གྲུ་ཐང་གི་ཞིབ་མཆན་ཇེ་མགྱོགས་སུ་བཏང་སྟེ།  ནུས་ཤུགས་ཡོད་རྒུས་ཤར་བགྲོད་དང་བདེ་འཇགས།  སྐྱིད་པོ།  མཛེས་སྡུག་བཅས་ཀྱི་འགྲོ་འོང་ཁོར་ཡུག་བསྐྲུན་པར་འབད།  དེ་དང་མཉམ་དུ་སྡེ་དམངས་ཀྱིས་རང་སྐྱོང་དང་ལུགས་སྲོལ་ལེགས་སྒྱུར།  དོན་དག་གཅིག་ལ་གྲོས་སྡུར་གཅིག་བཅས་ཀྱི་ལམ་ལུགས་དོན་འཁྱོལ་སྒོས།  ཡ་རབས་ཁྱིམ་ཚང་དང་མཛོད་དགེ་བ་ཡག་ཤོས་སོགས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་ཏེ།  ནུས་ཤུགས་ཡོད་རྒུས་མཛེས་པ་ལྔའི་གྲོས་གསེབ་འཛུགས་སྐྲུན་ལ་འབད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1