གྲོང་ཁྱེར་ནང་གི་བོད་པའི་ལོ་སར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-22


        དེ་རིང་ནི་བོད་ཀྱི་ལོ་གསར་ཚེས་གཅིག་རེད། གྲོང་ཁྱེར་གྱི་བོད་མི་ཚོས་ལོ་གཅིག་གི་དུས་ཆེན་གལ་ཆེན་འདི་ཇི་ལྟར་རོལ་བཞིན་ཡོད་དམ། དེ་རིང་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གསར་འགོད་པ་ཁྲེའུ་ཏུའུ་གྲོང་ཁྱེར་གྱི་བོད་རིགས་འདུ་འཛོམས་ཆེ་སའི་ཧྲོང་ལིའུ་ཆུས་ཨོའུ་ཁྲེང་མེ་ཏོག་ལྡུམ་རའི་སྡོད་ཁུལ་དུ་བཅར་འདྲི་བྱེད་དུ་ཕྱིན།

        བཀྲ་ཤིས་ཆོས་མཚོ་བཟའ་མི་གང་བོས་བྲེལ་བ་ཆེན་པོས་སྔ་དྲོ་ནས་གཉེན་ཉེ་གྲོགས་པོ་ཚོ་དང་མཉམ་དུ་ཤ་མོག་བཅའ་བ་སོགས་ཟས་སྣ་མང་པོ་གཡོ་སྐོལ་གྱི་ལས་ལ་བྲེལ་ཞིང་། སྐམས་ཤ་དང་རྒྱུ་མ། ཞོ་དང་གྲོ་མ་མར་ཁུ་སོགས་ཀྱི་སྡེར་ཁ་གྱ་ནོམ་པ་བསྒྲིགས་ཡོད་པ་དང་། གཉེན་ཉེ་དང་མགྲོན་པོ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་དུ་མོའི་ཁྱིམ་དུ་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་བར་ཕེབས་བཞིན་འདུག།

        གནམ་ལོ་གསར་ཚེས་ཀྱི་ཉིན་དང་པོར་ཆོས་མཚོ་དང་གཉེན་ཉེ་གྲོགས་པོ་ཚོས་གླུ་ལེན་གར་རྩེད་བྱས་ཏེ་དགའ་སྐྱིད་དཔལ་ལ་རོལ་བཞིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1